ཟླ་དང་པོའི་ཚེས་ ༢༦ ཉིན་ནི་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་ལ་ཅི་ཞིག་མཚོན་གྱི་ཡོད་དམ།

BRISBANE INVASION DAY RALLY

Invasion Day Rally, Brisbane 2024. Source: AAP / JONO SEARLE

ཨོ་སི་ཁྲུ་་ལི་ཡའི་ནང་ཟླ་དང་པོའི་ཚེས་ ༢༦ ཉིན་རྒྱལ་ཡོངས་ཉིན་མོ་ཡིན་ཡང་ཚེས་གྲངས་དེ་རྩོད་རྙོག་ཅན་ཞིག་རེད། དེ་ཡང་ཨོ་སི་ཁྲུ་ལི་ཡར་གསར་དུ་ཡོང་མཁན་གྱི་གནས་སྤོས་པ་མང་པོ་ཞིག་གིས་ཁོང་ཚོའི་ཁྱིམ་གསར་ལ་དགའ་སྟོན་བྱེད་འདོད་ཡོད་ཀྱང་། ཉིན་མོ་འདིའི་རྒྱབ་ལྗོངས་ཀྱི་གཏམ་རྒྱུད་ཆ་ཚང་བ་ཤེས་རྒྱུ་ནི་གལ་ཆེན་པོ་རེད།


Key Points
  • Australia Day marks the day the British raised the Union Jack flag in Sydney Cove in 1788, which was the start of colonisation.
  • January 26 marks the beginning of British colonisation, a painful part of Aboriginal and Torres Strait Islander history.
  • Polls show a majority of Australians want Australia Day to remain on January 26.
ཕྱི་ཟླ་ ༡ ཚེས་ ༢༦ ཉིན་ནི་གཞུང་འབྲེལ་ཐོག་ཨོ་སི་ཁྲུ་ལི་ཡའི་ཉིན་མོ་ཡིན་ཞིང་། ཡིན་ནའང་ས་གནས་མི་རིགས་དང་ཨོ་སི་ཊོ་ལི་ཡའི་མི་རིགས་མང་དུ་འགྲོ་བཞིན་པའི་ཆེད་དུ་འདི་ནི་རྟེན་འབྲེལ་ཞུ་བའི་ཉིན་མོ་ཞིག་མ་རེད།
གྷ་མི་ལ་རེ་དང་། ཀོ་མ། མུ་ར་ཝ་རི་བཅས་ཀྱི་ལས་འགུལ་བ་དང་པོད་ཁཱ་སི་ཊར་བྷོ་སི་པི་རིམ་གྱིས་དེ་རིང་གི་སེམས་ཁམས་ཀྱི་ལྗིད་ཚད་བརྗོད་ཡོད།

“ང་ལ་མཚོན་ན་ཉིན་མོ་དེ་ལ་སླེབས་རྗེས་ཞོགས་པ་དེར་ང་མཆོད་འབུལ་ལ་འགྲོ་བཞིན་པའི་ཚོར་བ་སླེབས་ཀྱི་ཡོད། ངས་གནས་ཚུལ་ངན་པ་ཞིག་བྱུང་བ་ཤེས། འདི་ནི་ཧ་ཅང་མུན་ནག་གི་ཚོར་སྣང་ཞིག་རེད།”

ཟླ་དང་པོའི་ཚེས་ ༢༦ ཉིན་ཨོ་སི་ཁྲུ་ལི་ཡའི་ཉིན་མོ་ཅིའི་ཕྱིར་ཡིན།

༡༧༨༨ ལོའི་ཟླ་ ༡ ཚེས་ ༢༦ ཉིན་དབྱིན་ཇིའི་དམག་གིས་སི་ཌི་ནི་ཁོ་ཝ་རུ་ཡུ་ནིའོན་ཇེག་གི་རྒྱལ་དར་འཕྱར་ནས་དབང་འོག་ཏུ་འཛུལ་འགོ་ཚུགས་པའི་རྟགས་མཚན་བསྟན་ཡོད།

༡༩༣༥ ནས་བཟུང་ཨོ་སི་ཊོ་ལི་ཡའི་ཉིན་མོ་དེ་ཟླ་དང་པོའི་ཚེས་ ༢༦ ཉིན་སྲུང་བརྩི་བྱེད་ཀྱི་ཡོད་ཀྱང་། ༡༩༩༤ ལོར་རྒྱལ་ཡོངས་ཀྱི་གུང་གསེང་ཉིན་མོ་ཞིག་ཏུ་གྱུར་ཡོད།

ཨོ་སི་ཊོ་ལི་ཡའི་མི་ཁ་ཤས་ཀྱིས་གྲོགས་པོ་དང་ནང་མི་ཚོ་དང་མཉམ་དུ་མེ་སྲེག་གཏོང་བའི་ལས་རིམ་སྒྲིག་འཛུགས་བྱེད་པ་དང་། མི་སེར་གྱི་མཛད་སྒོ་མང་པོ་ཞིག་ཚེས་གྲངས་དེར་སྤེལ་གྱི་ཡོད།

ཡིན་ནའང་ཟླ་དང་པོའི་ཚེས་ ༢༦ ཉིན་དེ་༡༩༣༨ ནས་བཟུང་ས་གནས་མི་རིགས་དང་ཊོ་རེས་མཚོ་ཁུག་གླིང་ཕྲན་གྱི་མི་རིགས་ཚོས་"མྱ་ངན་གྱི་ཉིན་མོ"ཞེས་ངོ་རྒོལ་བྱེད་ཀྱི་ཡོད།

BRISBANE INVASION DAY RALLY
Invasion Day Rally in Brisbane, 2024 Source: AAP / JONO SEARLE

ཅིའི་ཕྱིར་ཨོ་སི་ཁྲུ་ལི་ཡའི་མི་རིགས་ས་གནས་མི་རིགས་ཚོར་སྡུག་བསྔལ་གྱི་ཉིན་མོ་ཞིག་རེད་དམ།

ཡོར་ཊ་ཡོར་ཊའི་བུད་མེད་དང་ཝོ་ལོང་གོང་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་གཞོན་པ་ཌོག་ཊར་སམ་མར་མེ་ཕིན་ལེ་(Dr Summer May Finlay)ཡིས་ཟླ་དང་པོའི་ཚེས་༢༦ཉིན་ས་གནས་མི་རིགས་དང་ཊོ་རེས་མཚོ་ཁུག་གླིང་ཕྲན་གྱི་མི་རིགས་ཚོར་སྡུག་བསྔལ་འགོ་ཚུགས་པ་མཚོན་གྱི་ཡོད་ཅེས་འགྲེལ་བཤད་རྒྱག་ཡོད།

“འདི་ནི་མི་རིགས་དབྱེ་འབྱེད་ཀྱི་འགོ་ཚུགས་པ་དང་། དབྱེ་འབྱེད་ཀྱི་འགོ་ཚུགས་པ། ང་ཚོའི་མི་རིགས་ལ་ལོ་ངོ་ ༦༥༠༠༠ རིང་འགྲོ་བཞིན་པའི་སྤྱི་ཚོགས་དང་རྒྱལ་ཁབ་ནས་ཐོབ་ཐང་མེད་པར་བཟོས་པའི་དུས་རབས་ཤིག་གི་འགོ་ཚུགས་པ་རེད།”

དབྱིན་ཇིའི་དབང་འོག་ཏུ་འཛུལ་བ་དེས་ཨོ་སི་ཁྲུ་ལི་ཡའི་མི་རིགས་ས་གནས་ཀྱི་མི་རིགས་ཚོར་ས་ཆ་བཙན་འཕྲོག་དང་། དམར་གསོད། ནད་རིགས་ནང་འདྲེན་དང་།

དབང་འོག་ཏུ་གནས་པའི་ཤུགས་རྐྱེན་དེ་དག་ལ་ལམ་ལུགས་ཀྱི་དབྱེ་འབྱེད་དང་། འཕྲོད་བསྟེན་གྱི་གྲུབ་འབྲས་ཞན་པོ། ཁྲིམས་ལུགས་ལམ་ལུགས་ནང་མང་དྲགས་པ་བཅས་ཚུད་ཡོད།

ཌོག་ཊར་ཕིན་ལེ་ཡིས་ཨོ་སི་ཊོ་ལི་ཡའི་མི་མང་ཚང་མར་སོ་སོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཤེས་དགོས་པའི་སྐུལ་མ་གནང་ཡོད།

“ངས་ཨོ་སི་ཁྲུ་ལི་ཡ་ནི་ཕྱོགས་མང་པོ་ནས་ཡ་མཚན་ཅན་གྱི་རྒྱལ་ཁབ་ཅིག་རེད་བསམ་གྱི་ཡོད། ངས་རྒྱལ་ཁབ་འདིར་ཡོང་མཁན་དང་མི་སེར་གསར་པ་ཡིན་པའི་མི་ཚོས་དེ་ལ་ངོས་ལེན་དང་ངོས་འཛིན་བྱེད་ཀྱི་ཡོད་པར་ཡིད་ཆེས་ཡོད། ཡིན་ནའང་དུས་མཚུངས་སུ་ང་ཚོའི་རྒྱལ་ཁབ་འདིའི་ནང་ལོ་རྒྱུས་ཆེན་པོ་མེད་པ་དང་དམིགས་བསལ་གྱི་ངོས་འཛིན་ཡག་པོ་མེད་པའི་ལོ་རྒྱུས་ཤིག་ཡོད།”

ཚེས་གྲངས་བསྒྱུར་བའམ་ངོས་ལེན་ཡང་ན་མེད་པར་བཟོ་དགོས་སམ།

. འོན་ཀྱང་ལོ་རེ་བཞིན་རྒྱལ་སྟོན་དུས་ཆེན་གྱི་ཚེས་གྲངས་བརྗེ་འདོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།

ཨོ་སི་ཊོ་ལི་ཡའི་མི་རིགས་ས་གནས་མང་པོས་ཚེས་གྲངས་དེ་སྤོ་དགོས་འདོད་ཡོད། འོན་ཀྱང་ཁ་ཤས་ཀྱིས་དེ་བསྒྱུར་རྒྱུ་ལས་དེའི་ལོ་རྒྱུས་ལ་ངོས་ལེན་བྱེད་རྒྱུ་དེ་གཙོ་བོར་བརྩི་བཞིན་ཡོད། གཞན་ཚོས་བྷོ་སི་པི་རིམ་ལྟ་བུའི་ཉིན་མོ་དེ་ཡོངས་སུ་མེད་པར་བཟོ་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད།

“དེ་ནི་རྒྱལ་ཁབ་འདི་ཞི་བདེའི་ངང་གནས་སྤོ་བྱས་པའམ་ཡང་ན་ས་གནས་མི་རིགས་ལ་བྱུང་བའི་གནས་ཚུལ་དེ་ངོས་ལེན་བྱེད་མི་དགོས་པའི་དབང་འོག་ཏུ་གནས་པའི་གོ་རྟོགས་མེད་པར་བཟོ་རྒྱུ་དེ་རེད། དེ་ཡང་ཁྱེད་རང་ཚོས་མི་རིགས་དམར་གསོད་ཀྱི་དུས་དྲན་སྲུང་བརྩི་བྱེད་མི་ཐུབ་པ་དེ་མགོ་དམར་པོ་དང་མི་རིགས་དབྱེ་འབྱེད་པ་དང་མི་མང་གཙོ་བོ་ཚོར་དྲན་སྐུལ་བྱེད་པ་ཙམ་ཡིན།

ཕྱི་ཟླ་ ༡ ཚེས་ ༢༦ ཉིན་གུས་ཞབས་དང་བཅས་སྲུང་བརྩི་ཞུ་ཐབས།

ས་གནས་མི་རིགས་ཀྱི་ཚོགས་པ་ཁག་གིས་ཟླ་དང་པོའི་ཚེས་ ༢༦ ཉིན་རྒྱལ་ཡོངས་སུ་གོམ་བགྲོད་དང་།

སྨན་པ་ཕིན་ལེ་ཡིས་ཉིན་མོ་དེ་གང་འདྲ་བྱས་ནས་འགྲོ་བཞིན་ཡོད་པ་དང་། སུ་ཞིག་གིས་མཉམ་ཞུགས་བྱེད་ཐུབ་མིན་བརྗོད་ཡོད།

“གོམ་བགྲོད་དེ་དག་ནི་ངོ་རྒོལ་གྱི་ཆེད་དུ་ཁྲོམ་གཞུང་བརྒྱུད་ནས་ཞི་བའི་གོམ་བགྲོད་ཡིན། ང་དེ་གར་སྡོད་པའི་སྐབས་མེལ་བྷོར་ན་ལ་གོམ་བགྲོད་འགའ་ཤས་ལ་མཉམ་ཞུགས་བྱས། དེ་བཞིན་ཁྱིམ་ཚང་ཚོ་མཉམ་དུ་འཛོམས་པའི་ཐབས་ཤེས་ཡག་པོ་ཞིག་ཡིན། ཁོང་ཚོ་ས་གནས་མི་རིགས་དང་ཊོ་རེས་མཚོ་ཁུག་གླིང་ཕྲན་གྱི་ཁྱིམ་ཚང་ཡིན་ནའང་འདྲ།

ར་ན་ཧུ་སེན་ནི་ཨོ་སི་ཁྲུ་ལི་ ཡའི་མི་རིགས་དང་མི་རིགས་མ་ཡིན་པའི་མི་རིགས་བར་གྱི་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཁེ་ལས་མ་ཡིན་པའི་གཞི་འཛུགས་ ཨོ་སི་ཁྲུ་ལི་ཡའི་མཐུན་སྒྲིལ་ཚོགས་པའི་ཚོགས་གཙོའི་ཚོགས་མི་ཞིག་ཡིན  མོས་འདུ་འཛོམས་འདི་དག་གིས་རེ་བ་དང་མཐུན་སྒྲིལ་སྤྲོད་ཀྱི་ཡོད་ཅེས་བཤད།

ཁྱེད་རང་ལ་གཅིག་སྒྲིལ་གྱི་ཚོར་བ་དེ་ཐོབ་པ་དང་། མང་ཆེ་བ་ཁྱེད་རང་ལ་སྤྱི་ཚོགས་དང་མཉམ་དུ་རེ་བ་དེ་ཐོབ་ཀྱི་ཡོད། མཐུན་ཕྱོགས་ཡིན་པའི་ཆ་ནས་ང་ཚོས་མི་རིགས་དང་པོའི་རྒྱབ་ལ་ལངས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ཡང་ཁོང་ཚོས་ཚེས་གྲངས་བསྒྱུར་རྒྱུའམ་ཡང་ན་ཉིན་མོ་འདིས་ཁོང་ཚོའི་ཆེད་དུ་དོན་དངོས་ཐོག་གང་མཚོན་གྱི་ཡོད་མེད་ལ་ངོས་ལེན་མང་བ་བྱེད་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།

གྲོས་ཚོགས་ཁ་ཤས་ཀྱིས་ཟླ་དང་པོའི་ཚེས་ ༢༦ ཉིན་ཨོ་སི་ཊོ་ལི་ཡའི་ཉིན་མོའི་བྱེད་སྒོ་དང་མི་སེར་གྱི་མཛད་སྒོ་སྤེལ་གྱི་མེད།

New Australian citizens
New Australian citizens, Broken Hill, NSW Source: AAP / STUART WALMSLEY

གནས་སྤོས་ཡུལ་མི་ཚོས་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་དང་འབྲེལ་བ་གང་འདྲ་བྱེད་ཐུབ་བམ།

མཁས་དབང་སི་པི་རིམ་གྱིས་གནས་སྤོས་པ་མང་ཆེ་བ་དམག་འཁྲུག་དང་བཙན་འཛུལ་གྱི་ཉམས་མྱོང་ཐོབ་མཁན་ཚོས་ས་གནས་མི་རིགས་ཀྱི་འཐབ་རྩོད་ལ་སྙིང་རྗེ་སྐྱེད་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད།

“མི་རྣམས་འདིར་ཡོང་ནས་ཞི་བདེ་ཞིག་རྙེད་པ་དེ་ཡ་མཚན་ཆེན་པོ་རེད། ༡༧༨༨ ལོའི་ཟླ་དང་པོའི་ཚེས་ ༢༦ ནས་བཟུང་ང་ཚོས་དྲང་བདེན་མ་རྙེད་པ་དང་ཞི་བདེ་མ་རྙེད་པ་རེད།”ཅེས་ཁོང་གིས་བཤད།

ར་ན་ཧུ་སེན་གྱིས་ཟླ་དང་པོའི་ཚེས་ ༢༦ ཉིན་གྱི་གནད་དོན་དེ་ས་གནས་མི་རིགས་གཅིག་པུ་མ་ཡིན་པར་ཨོ་སི་ཊོ་ལི་ཡའི་མི་རིགས་ཚང་མར་གལ་ཆེན་པོ་ཡིན་དགོས་ཞེས་བརྗོད་ཡོད།

ང་ཚོའི་བསམ་པར་མི་མང་པོ་ཞིག་ལ་ཁོང་ཚོས་དཀའ་ངལ་དང་བློ་འགྱོད་དང་སེམས་སྡུག་འདི་མི་རིགས་དང་པོའི་མི་རིགས་དང་མཉམ་དུ་བསྡད་ཡོད་ཅེས་བསམ་གྱི་ཡོད། ང་ལ་མཚོན་ན་རྒྱ་གར་གྱི་གནས་སྤོས་པ་ཚོའི་ཕྲུ་གུ་ཡིན་པའི་ཆ་ནས་ང་ཚོར་རང་ཉིད་ཀྱི་དབང་འོག་ཏུ་གནས་པའི་ལོ་རྒྱུས་དང་དབྱིན་ཇིའི་དབང་འོག་ཏུ་གནས་པའི་ལོ་རྒྱུས་ཡོད།”

མི་རབས་གཉིས་པའི་གནས་སྤོས་པ་ཞིག་ཡིན་པའི་ཆ་ནས་ལྕམ་ཧུ་སེན་གྱིས་གནས་སྤོས་པ་མང་པོས་ཁོང་ཚོའི་ངོ་བོ་གསར་པ་དེ་དགའ་སྟོན་བྱེད་འདོད་ཡོད་པའི་རྒྱུ་མཚན་ཤེས་ཀྱི་ཡོད།

ང་ཚོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ངོ་མའི་སྐོར་ལ་ཨོ་སི་ཊོ་ལི་ཡའི་མི་ཚང་མར་གཏམ་བཤད་གལ་ཆེན་བྱེད་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད།

ང་ཚོ་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་བགྲོ་གླེང་དེ་བྱེད་དགོས་པ་རེད་བསམ་གྱི་འདུག དེ་ནས་ང་ཚོས་ལོ་རྒྱུས་དེ་ཚོ་ཚང་མ་ཉིན་གང་ཞིག་ལ་རྟེན་འབྲེལ་ཞུ་འདོད་ཡོད་མེད་དང་། ལོ་རྒྱུས་དེ་ཚོ་ཚང་མ་ངོས་འཛིན་བྱེད་དགོས་པ་དང་། ཁྱོད་ཀྱིས་ཤེས་ཀྱི་ཡོད་དམ། ང་ཚོ་ཚང་མ་གཅིག་སྒྲིལ་བྱེད་པའི་ཉིན་མོ་གང་འཚམས་ཤིག་རེད།”

Subscribe or follow the Australia Explained podcast for more valuable information and tips about settling into your new life in Australia.   
ཨོ་སི་ཁྲུ་ལི་ཡའི་ནང་འཚོ་བ་གསར་པ་སྐྱེལ་ཆེད་རིན་ཐང་ཆེ་བའི་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་བྱེད་པར་ཨོ་སི་ཁྲུ་ལི་ཡ་ངོ་སྤྲོད་ཀྱི་ལེ་ཚན་འདིའི་སྒྲ་སྒམ་ Podcast རྗེས་འཇུག་གནང་རོགས།

གལ་སྲིད་ཁྱེད་རང་ལ་བརྗོད་གཞི་དམིགས་བསལ་དང་བསམ་ཚུལ་ཡོད་ན་གློག་འཕྲིན་ཁ་བྱང་ 

Share

Recommended for you