Key Points
- Young people aged between 10 and 17 years make up 41 per cent of all victims of sexual assaults.
- Consent applies to interactions between people in relationships and those who are not in relationships.
- It's normal to have questions about consent. There are conversation guides available in 16 languages.
ང་ཚོས་ཁ་གསལ་པོའི་ཐོག་ནས་གླེང་མོལ་བྱས་པ་བརྒྱུད། ང་ཚོས་བདེ་ཐང་དང་གུས་ཞབས་ལྡན་པའི་ཐོག་ནས་འབྲེལ་བ་གོང་འཕེལ་གཏོང་ཕྱོགས་ཐད་སྤྱི་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་གལ་ཆེན་ཆགས་ཡོད།
ཐོག་མར་བཙན་གཡེམ་དང་འཁྲིག་སྤྱོད་ལས་རྐྱེན་པའི་དཀའ་ངལ་དང་རྙོག་དྲ་ཐད་གྲངས་ཐོ་ནས་འགོ་བརྩམས་ན།
༢༠༢༣ ལོར་འཁྲིག་སྤྱོད་ལས་བཙན་གཡེམ་གྱི་གནོད་འཚེ་ཕོག་མཁན་ཁྱོན་མི་གྲངས་ ༣༦༠༠༠ ལྷག་གིས་ཐོ་འགོད་བྱས་ཡོད། ལོ་ ༡༠ ནས་ ༡༧ བར་གྱི་ན་གཞོན་ཚོས་བཙན་གཡེམ་གྱི་གནོད་འཚེ་ཕོག་མཁན་ཡོངས་ཀྱི་བརྒྱ་ཆ་ ༤༡ ཟིན་ཡོད་པ་དང་། ལོ་ ༡༥ ནས་ ༡༩ བར་དུ་སྐྱེས་པའི་ན་གཞོན་ཚོ་ནི་ནག་ཉེས་གསོག་མཁན་མང་ཤོས་དེ་ཆགས་ཡོད།
གྲངས་ཐོ་འདི་དག་ནི་རྒྱུན་དུ་ཕྱིར་བསྒྲགས་མི་བྱེད་པའི་གཞོན་སྐྱེས་ཁྲོད་དངོས་ཡོད་གནས་ཚུལ་མཚོན་གྱི་ཡོད། གྲངས་ཀ་དེ་ནི་སེམས་འཚབ་སྐྱེ་གཞི་ཞིག་ཡིན་ནའང་། དེས་ང་ཚོར་གོ་རྟོགས་སྤེལ་བ་དང་ལེགས་བཅོས་བྱེད་པའི་གོ་སྐབས་ཤིག་ཡོད་པ་དང་། ང་ཚོ་ཚང་མར་འགྱུར་བ་གཏོང་ཐུབ་པའི་ནུས་པ་ཡོད་པའང་དྲན་སྐུལ་བྱེད་ཀྱི་ཡོད།
༢༠༢༡ ལོར་ཅཱ་ནེལ་ཁོན་ཊོས་ Chanel Contos ལགས་ཀྱིས་ཨིན་སི་ཊ་གྷ་རམ་ Instagram ནང་མི་རྣམས་ལ་སློབ་གྲྭའི་དུས་སྐབས་སུ་འཁྲིག་སྤྱོད་ལ་བཙན་གཡེམ་ཕོག་པའི་ཉམས་མྱོང་བཤད་རོགས་ཞེས་འབོད་སྐུལ་བྱས་པ་དེ་དྲ་ཐོག་ཏུ་ཁྱབ་ཆེན་པོ་བྱུང་བ་དང་། མི་བརྒྱ་ཕྲག་མང་པོས་འཁྲིག་སྤྱོད་ལ་བཙན་གཡེམ་བྱས་པའི་བྱ་སྤྱོད་འགྲེལ་བརྗོད་བྱས་པའི་ལོ་རྒྱུས་གླེང་ཡོད་པ་རེད།
གནས་ཚུལ་འདི་དག་སྙན་སེང་ཞུས་པ་གཅིག་ཀྱང་བྱུང་མེད་པ་དང་། ལན་འདེབས་བྱེད་མཁན་རྣམས་ནི་ཕལ་ཆེར་་ངོ་ཤེས་པའི་མི་ཡིས་འགྲེལ་བརྗོད་བྱས་པ་ཤ་སྟག་རེད།
Education is critical to fostering respectful and healthy relationships. Credit: LumiNola/Getty Images
ཁོ་མོས་ང་ཚོས་ཕན་ཚུན་ངོ་ཤེས་པའི་བུ་ཚོས་ཕན་ཚུན་ངོ་ཤེས་པའི་བུ་མོ་ཚོར་བཙན་གཡེམ་བྱས་པའི་གནས་ཚུལ་གླེང་མགོ་བརྩམས་ཤིང་། བརྒྱུད་རིམ་དེའི་ཁྲོད་ང་ཚོ་ཚང་མས་རང་ཉིད་ལ་བྱུང་བའི་བཙན་གཡེམ་གྱི་གནས་ཚུལ་བཤད་པ་ཡིན། དེ་ནས་ངས་ཤེས་གསལ་ལ། ང་ལ་བཙན་གཡེམ་བྱེད་མཁན་གྱི་བུ་དེས་ལོ་གཅིག་གི་རྗེས་སུ་ངའི་གྲོགས་མོ་ཞིག་ལ་བཙན་གཡེམ་བྱས་འདུག་ཅེས་འགྲེལ་བརྗོད་གནང་འདུག
ལྕམ་ཁོན་ཊོས་ Ms Contos ད་ཆ་འཛམ་གླིང་ཡོངས་སུ་སློབ་གྲྭ་ཁག་ནང་མོས་མཐུན་ཆ་ཚང་བའི་སློབ་གསོ་གཏོང་དགོས་པའི་ལས་འགུལ་སྤེལ་བཞིན་ཡོད་པས་མོ་རང་ལ་མིང་གྲགས་ཆེན་པོ་ཆགས་ཡོད།
༢༠༢༣ ལོར་མོ་རང་ནིའུ་སོའོ་ཐི་ཝེལ་སི་མངའ་སྡེའི་ལོ་ན་ཆུང་ཤོས་བུད་མེད་ཀྱི་མིང་ཡོད་པ་དང་། ང་ཚོར་མོས་མཐུན་སློབ་གསོ་གཏོང་དགོས་ཞེས་པའི་ལས་འགུལ་གསར་འཛུགས་བྱེད་མཁན་ཡིན་པའི་མིང་བཏགས་ཡོད།
མོའི་སྒྲུང་གཏམ་གྱིས་འགྱུར་བ་ནི་གླེང་མོལ་ནས་འགོ་འཛུགས་པ་དྲན་སྐུལ་བྱེད་ཀྱི་ཡོད་ལ། གནད་དོན་འདི་དག་ཁ་གསལ་པོའི་ཐོག་ནས་གླེང་སློང་བྱས་པ་བརྒྱུད་ང་ཚོས་ཚང་མར་ཉེན་ཁ་ཆུང་བའི་མ་འོངས་པ་ཞིག་གི་ཆེད་དུ་ལས་ཀ་བྱེད་ཐུབ།
འདིར་མོས་ན་གཞོན་ཚོའི་མི་ཚེའི་ནང་ཡིད་ཆེས་འཕེར་བའི་འབྲེལ་བའི་བརྒྱུད་ལམ་ཞིག་ཡོད་པ་གལ་ཆེན་པོ་ཡིན་པའི་སྐོར་གསུང་བཤད་གནང་ཡོད།
It's important to remember that just because one person has agreed to a sexual act, that doesn't mean that they agree to lots of different acts, or that they will even consent to the same thing again in the future.Desiree Bensley, Respect Victoria
ངའི་ཉམས་མྱོང་དང་མཉམ་དུ་སྐད་ཆ་ཤོད་མཁན་གྱི་མི་རྣམས་ལ་བལྟས་ན། དེ་རིགས་བྲང་ཁོག་ནས་ཕྱིར་བཏོན་ཏེ་ངོ་ཚ་རྒྱབ་ཏུ་གཡུག་ནས་གླེང་མོལ་བྱེད་ཐུབ་པ་དེས་སེམས་ལ་ངེས་པ་ཆེན་པོ་ཞིག་རྙེད་པ་ཚོར་གྱི་འདུག་ཅེས་གསུངས་འདུག
འོན་ཀྱང་མི་མང་ཆེ་བས་མོས་མཐུན་གལ་ཆེན་པོ་ཡིན་པ་བཤད་རྒྱུར་མོས་མཐུན་བྱེད་ཀྱི་ཡོད་ནའང་། མང་པོ་ཞིག་གིས་འགོ་ཇི་ལྟར་འཛུགས་དགོས་མིན་ཤེས་ཀྱི་མེད།
ཁྱེད་ཀྱིས་ཆགས་སྲེད་ཀྱི་མོས་མཐུན་སྐོར་ཅི་ཞིག་ཤེས་འདུག་གམ།
ལྕམ་བྷེན་སི་ལེ་ Bensley ཡིས་ཝི་ཊོ་རི་ཡའི་ནང་གུས་བརྩི་ཞུས་ནས་ཕོ་མོ་འདྲ་མཉམ་གོང་འཕེལ་དང་ཆགས་སྲེད་ཀྱི་མནར་གཅོད་སྔོན་འགོག་བྱེད་པའི་ལས་འགུལ་ཐོག་འབད་བརྩོན་ཆེན་པོ་གནང་ཡོད།
Consent is a set of skills that anyone can learn. Source: Moment RF / d3sign/Getty Images
ཁོ་མོས་འཁྲིག་སྤྱོད་ཀྱི་མོས་མཐུན་ནི་འཁྲིག་སྤྱོད་ཀྱི་བྱ་བ་ཞིག་ལ་མཉམ་ཞུགས་བྱེད་པའི་ཆེད་དུ་མི་ཕན་ཚུན་བར་གྱི་གྲོས་འཆར་ཞིག་ཡིན། མོས་མཐུན་ནི་འབྲེལ་ཡོད་མི་སྣ་ཕན་ཚུན་བར་གྱི་འབྲེལ་བ་ཡོད་པ་དང་མེད་པ་གཉིས་ཀར་ཁྱབ་པ་ཡིན། ང་ཚོས་མི་གཞན་སུ་འདྲ་ཞིག་ཡིན་རུང་། ང་ཚོ་དང་ཐུག་མ་ཐག་པ་ཞིག་ཡིན་ནའང་འདྲ། ང་ཚོས་གཏན་ནས་མི་ཤེས་པ་ཞིག་ཡིན་ནའང་འདྲ། གཉེན་སྒྲིག་གི་འབྲེལ་བ་ཡོད་པ་ཞིག་ཡིན་ནའང་འདྲ། གནས་སྟངས་གང་འདྲ་ཞིག་གི་འོག་ཏུའང་དེ་དག་གི་ལུས་པོར་དབང་སྒྱུར་བྱེད་པའི་ཐོབ་ཐང་དང་བདག་དབང་གང་ཡང་མེད་ཅེས་གསུངས་འདུག
བྷེན་སི་ལེ་ Ms Bensley ཡིས་འདི་ནི་ཡིན་མིན་གྱི་ལན་སྟབས་བདེ་ཞིག་གི་སྐོར་མིན་པ་ཁ་སྣོན་བྱས། འདོད་པ་མཐུན་པའམ་མོས་མཐུན་གྱི་ལྟ་གྲུབ་ལ་སྙིང་པོ་ལྔ་ཡོད།
དེ་དག་སོ་སོར་བཤད་ན།
དང་པོ། མོས་མཐུན་ནི་རང་མོས་དང་དྭང་བླང་ཡིན་དགོས།
The absence of emotion or distress does not necessarily mean a person is not telling the truth about being sexually assaulted.Alex Cao, Criminal Defence Lawyer
གནས་སྟངས་དེ་འདྲའི་འོག་ཏུ་མི་གཉིས་ཀས་རང་མོས་ཀྱི་སྒོ་ནས་མཉམ་ཞུགས་བྱེད་པའི་ཁས་ལེན་དགོས་པ་ལས་གཅིག་གིས་གཅིག་ལ་གནོན་ཤུགས་སྤྲོད་མི་རུང་ཞེས་གསུངས་འདུག
གཉིས་པ། མོས་མཐུན་ནི་གསལ་པོ་དང་ཤེས་རྟོགས་ཅན་ཞིག་དགོས། འདིའི་དོན་ནི་ཆགས་སྦྱོར་གྱི་མོས་མཐུན་ངེས་པར་བྱེད་པར། འབྲེལ་བ་ཡོངས་རྫོགས་ཀྱི་ནང་དུ་ཆགས་སྤྱོད་ཀྱི་བྱ་བ་གང་ཞིག་ལ་མུ་མཐུད་དེ་ངོས་ལེན་དང་ཆོག་མཆན་འཚོལ་དགོས་པ་བྱེད་དགོས།
གསུམ་པ། མོས་མཐུན་ནི་བྱེད་བཞིན་པ་དང་བརྡ་སྤྲོད་ཅན་ཞིག་དགོས། འདི་ནི་ངག་ཐོག་གམ་ཡང་ན་ལུས་ཀྱི་རྣམ་འགྱུར་གང་རུང་ཡིན་ཆོག་ཀྱང་། གལ་ཆེ་ཤོས་ནི་བརྡ་སྤྲོད་བྱེད་དགོས་པ་དེ་ཡིན་ཞིང་། དེ་ནམ་ཡང་ཚོད་དཔག་བྱེད་མི་རུང་།
བཞི་པ། མོས་མཐུན་ནི་མུ་མཐུད་པ་དང་ཕན་ཚུན་གཉིས་ཀ་ཡིན་དགོས་ཞེས་གསུངས་འདུག
ལྔ་པ་མིའི་ཐད་ནས་བཤད་ན་འཇོན་ཐང་དང་ནུས་པ་ལྡན་པ་ཞིག་དགོས།
གལ་སྲིད་མི་ཞིག་གཉིད་ཁུག་པའམ་ཆང་རག་དང་སྨྱོ་རྫས་སོགས་ཀྱི་འོག་ཏུ་ཡོད་ན་བདེ་འཇགས་དང་མོས་མཐུན་ལྡན་པའི་ཐག་གཅོད་བྱེད་པའི་གནས་སྟངས་མེད་ཅེས་གསུངས་འདུག
ཁོ་མོས་མོས་མཐུན་གྱི་རྩ་བའི་གནད་དོན་ལྔ་པོ་འདི་དག་ཤེས་པ་ཡིན་ན་ང་ཚོའི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་ཀྱི་ཡོད་པ་འགྲེལ་བརྗོད་གནང་སོང་།
མོས་མཐུན་ནི་འབྲེལ་བ་བདེ་ཐང་ཅན་གང་འདྲ་ཞིག་ཡིན་རུང་གཙོ་བོའི་ཆ་ཤས་ཤིག་ཡིན་དགོས། དེ་ནི་ས་མཚམས་ཇི་ལྟར་འཇོག་དགོས་པ་དང་དེ་དག་གོ་རྟོགས་དང་བསམ་ཤེས་བྱེད་ཐུབ་པའི་རེ་བ་བྱེད་སྟངས་དང་། ཇི་ལྟར་བྱས་ནས་མི་ཞིག་གིས་བྱ་བ་ཞིག་བྱེད་འདོད་མེད་པའི་སྐད་ཆའམ་ལུས་ཀྱི་རྣམ་འགྱུར་གྱི་བརྡ་ལ་བརྟེན་ནས་ 'མིན' ཞེས་བརྗོད་པའམ་ཐོས་སྟངས་སློབ་སྦྱོང་བྱེད་དགོས་པ་དེ་ནི་བདེ་འཇགས་དང་བདེ་ཐང་ལྡན་པའི་འབྲེལ་བ་གང་འདྲ་ཞིག་ཡིན་རུང་གནད་འགག་ཆེན་པོ་ཡིན་ཞེས་གསུངས་འདུག
གལ་སྲིད་ཁྱེད་རང་དང་ཡང་ན་མི་གཞན་ནང་མི་དང་ཁྱིམ་ཚང་ནང་གི་རྩུབ་སྤྱོད་མནར་གཅོད་དང་ཡང་ན་བཙན་དབང་འཆལ་སྤྱོད་སོགས་ཀྱི་དཀའ་ངལ་འཕྲད་པ་བཞིན་པ་ཤེས་རྟོགས་བྱུང་ཚེ་ཁ་པར་ཨང་གྲངས་ 1800 737 732 དང་ཡང་ན་ཁ་པར་ཨང་གྲངས་ 13 11 14 ཐོག་འབྲེལ་བ་གནང་དགོས།