ཨོ་སི་ཁྲུ་ལི་ཡའི་ནང་རྐང་འཁོར་བཞོན་ནས་འགྲུལ་བཞུད་ཀྱི་གལ་གནད་རང་བཞིན།

Learning to ride

Anyone can build their bike riding skills. Credit: People on Bicycles

རྐང་འཁོར་བཞོན་པ་ནི་ཨོ་སི་ཁྲུ་ལི་ཡའི་ནང་དུ་དར་ཁྱབ་ཆེ་ལ་འགྲོ་སོང་ཆུང་བའི་འགྲུལ་བཞུད་ཀྱི་རྣམ་པ་ཞིག་ཡིན་ཞིང་། མི་རྣམས་རྐང་འཁོར་སྐོར་ནས་ལུས་རྩལ་སྦྱོང་བ་དང་། རྩེད་མོ་རྩེ་བ། ལས་ཀར་འགྲོ་བ་བཅས་བྱེད་ཀྱི་ཡོད། རྐང་འཁོར་བཞོན་པ་དེ་བཞོན་མཁན་ཚང་མར་བདེ་འཇགས་ཡོང་བའི་ཆེད་དུ་སྒྲིག་གཞི་ཁ་ཤས་དང་ལྡན་པ་ཞིག་ཡིན།


Key Points
  • It’s compulsory to wear a helmet when riding a bicycle in Australia.
  • Bicycle infrastructure includes bike paths, trails and bike lanes.
  • There are many opportunities to get involved in cycling, such as through local community riding groups or sporting cycling organisations.
རྐང་འཁོར་ལ་བཞོན་ནས་འགྲོ་བ་ནི་ལུས་པོའི་འགུལ་སྐྱོད་རྒྱུན་འཁྱོངས་བྱེད་པའི་ཐབས་ལམ་ཡག་པོ་ཞིག་ཡིན་པ་དང་། དེ་ནི་རླངས་འཁོར་བཏང་བ་ལས་ཁོར་ཡུག་ལ་གནོད་སྐྱོན་ཆུང་བ་དང་། སྟབས་བདེ་བ། རིན་གོང་ཆུང་བའི་འགྲིམ་འགྲུལ་གྱི་ཐབས་ལམ་ཞིག་ཀྱང་ཡིན།

རྒྱལ་ཡོངས་རྐང་འཁོར་དང་རྐང་ཐང་འགྲུལ་བཞུད་ཞིབ་འཇུག་ལྟར་ན། ༢༠༢༣ ལོར་ཨོ་སི་ཁྲུ་ལི་ཡའི་ནང་རྐང་འཁོར་སྐོར་མཁན་ ༩,༥༢༠,༠༠༠ ཡོད་པ་དང་། རྐང་འཁོར་བཞོན་ནས་འགྲོ་བ་དེ་རྒྱུན་ལྡན་གྱི་འགྲིམ་འགྲུལ་གྱི་ཐབས་ལམ་ཞིག་ཏུ་འགྱུར་བཞིན་པའི་མི་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད།

ཝེ་ཌི་སུ་ཆོ་ཌོལ་སི་ཀི་ནི་རྐང་འཁོར་དྲ་བའི་རྐང་འཁོར་བཞོན་མཁན་ཞབས་ཞུའི་འགན་འཛིན་ཡིན།

ཁོང་གིས་“མི་ཁ་ཤས་ཆུང་དུས་རྐང་འཁོར་བཞོན་སྟངས་སྦྱངས་མྱོང་མེད་ཀྱང་། ས་གནས་གཞུང་མང་པོར་བྱེ་བྲག་ཏུ་གསར་དུ་གནས་སྤོས་བྱེད་མཁན་གྱི་འགོ་འཛུགས་མཁན་ལ་དམིགས་པའི་ལས་གཞི་ཡོད།
“དེ་བཞིན་སྤྱིར་བཏང་རང་གི་གདེང་ཚོད་བརྟན་པོ་བཟོ་སའི་ལམ་ཡོད་པའི་སྤྱི་གླིང་རྙེད་ཐུབ། གལ་ཏེ་དེ་ནི་སྤྲོ་སྐྱིད་དང་། ལུས་རྩལ། སྤྱི་ཚོགས་ཀྱི་དགའ་སྣང་ཆེད་དུ་རྐང་འཁོར་བཞོན་པ་ཡིན་ན། ཚོགས་མི་གསར་པ་དགའ་བསུ་ཞུ་བའི་རྐང་འཁོར་བཞོན་མཁན་གྱི་ཚོགས་པ་མང་པོ་ཡོད།”
མི་མང་པོ་ཞིག་ལས་ཀར་རྐང་འཁོར་བཞོན་ནས་འགྲོ་བ་དང་། དེས་ལམ་ཁར་སྣུམ་འཁོར་གྱི་གྲངས་འབོར་ཉུང་དུ་གཏོང་གི་ཡོད།

ཝེ་ཌེས་“ལས་ཀར་རྐང་འཁོར་བཞོན་ནས་འགྲོ་བ་དེས་ཁྱེད་རང་གི་འཕྲོད་བསྟེན་ཡག་པོ་ཡོང་བར་ཕན་ཐོགས་ཡོད་པར་མ་ཟད། ལས་ཀར་དུས་ཐོག་ཏུ་སླེབས་པའི་ཐབས་ལམ་མགྱོགས་ཤོས་དང་ཡིད་རྟོན་འཕེར་བ་ཞིག་ཀྱང་ཡིན།”ཞེས་བཤད།

ཨོ་སི་ཁྲུ་ལི་ཡའི་ལས་ཀ་བྱེད་ས་མང་པོར་རྐང་འཁོར་བཞོན་ནས་ལས་ཁུངས་སུ་ཡོང་མཁན་ལ་དམིགས་པའི་རྐང་འཁོར་འཇོག་ས་བདེ་འཇགས་ཅན་དང་། ཁྲུས་ཁང་། སྒོར་ཁུག་འཇོག་སའི་སྒམ་སོགས་ཡོད་པ་འགྲེལ་བརྗོད་བྱས་འདུག
ཁྱེད་ཀྱིས་ལས་གོས་རྣམས་ལས་ཁུངས་སུ་བཞག་ནས་དེར་འབྱོར་རྗེས་གྱོན་ཆས་བརྗེ་ཆོག རྒྱུན་དུ་རྐང་འཁོར་བཞོན་ནས་ལས་ཁུངས་སུ་འགྲོ་འོང་བྱེད་པ་ནི་ལུས་སྦྱོང་བྱེད་སྟངས་ཡག་ཤོས་ཤིག་དང་དངུལ་བསྲི་ཚགས་བྱེད་སྟངས་ཤིག་ཀྱང་རེད། ཁྱེད་ཀྱིས་གྱོན་ཆས་དང་ཆར་ཞོད་ཆེ་བའི་གནམ་གཤིས་ལ་གདོང་ལེན་བྱེད་ཆས་ཐོག་འགྲོ་སོང་ཏོག་ཙམ་བཏང་དགོས་སྲིད་པ་དང་། ཆར་གདུགས་ཡོད་པའི་རྐང་འཁོར་ཞིག་གིས་ཁྱེད་རང་སྐམ་པོར་གནས་པར་ཕན་ཐོགས་ཡོད།
Bike riding to work
Cycling to work has health benefits and reduces the number of vehicles on the road. Credit: Nate Biddle/Pexels
རྐང་འཁོར་སྐོར་སྟངས་སྦྱོང་བརྡར་བྱེད་པར་ནང་མི་དང་གྲོགས་པོས་སློབ་ཁྲིད་བྱེད་སྲིད་པ་དང་། དེ་བཞིན་རྐང་འཁོར་སྐོར་མཁན་གྱི་ཚོགས་པ་དང་ཚོགས་སྡེ་ཡང་ཡོད་པ་དེས་རོགས་རམ་བྱེད་ཐུབ།
ཁི་རི་སི་ཊི་ན་ནིའུ་པའོ་ཨར་ནི་ནུབ་ཨོ་སི་ཁྲུ་ལི་ཡའི་མི་དམངས་རྐང་འཁོར་ཞེས་པའི་སྤྱི་ཚོགས་ཀྱི་ཁེ་ལས་ཤིག་གི་འགན་འཛིན་ཡིན་པ་དང་། ཁེ་ལས་དེས་རྐང་འཁོར་སྐོར་སྟངས་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་དང་། དམིགས་ཡུལ་ནི་མི་མང་པོ་ཞིག་རྐང་འཁོར་བཞོན་ནས་འགྲོ་ཐུབ་པ་བཟོ་རྒྱུ་དེ་ཡིན།

ཁི་རི་སི་ཊི་ནས་ང་ཚོས་སྤྱི་ཚོགས་ལ་སྦྱོང་བརྡར་སྤྲད་ནས་ནང་མི་དང་མཉམ་དུ་རྐང་འཁོར་བཞོན་སྐབས་རང་གི་ནུས་པ་དང་གདེང་ཚོད་གོང་འཕེལ་གཏོང་བར་སེམས་ཤུགས་སྤར་གྱི་ཡོད། གལ་ཏེ་ཁྱེད་ཀྱིས་ལོ་མང་པོའི་རིང་རྐང་འཁོར་མ་སྐོར་ན་ཡང་། མི་རྣམས་རྐང་འཁོར་བཞོན་ནས་ལས་ཁུངས་སུ་འགྲོ་ཐུབ་པ་བཟོ་རྒྱུའི་དམིགས་ཡུལ་ཡིན་ཞེས་བརྗོད་ཡོད།
“རྒྱལ་ཡོངས་སུ་དར་ཁྱབ་ཆེ་བའི་ས་གནས་ཀྱི་བཀོད་སྒྲིག་ཀྱང་ཡོད་པ་དེ་དག་གིས་དར་མ་ཚོར་རྐང་འཁོར་བཞོན་སྟངས་སློབ་ཆེད་ཆེད་ལས་ཅན་དུ་གྱུར་ཡོད།”

རྐང་འཁོར་བཞོན་སྟངས་བདེ་འཇགས་ངང་ཤེས་པ་གལ་ཆེན་པོ་རེད།

“ཁྱེད་ཀྱི་རྐང་འཁོར་བཞོན་ཤེས་པ་དང་བཞོན་སྐབས་བདེ་འཇགས་ཡོད་པའི་གནས་སྟངས་བྱེད་དགོས། བདེ་འཇགས་ངང་རྐང་འཁོར་བཞོན་པའི་གོམས་གཤིས་གཞི་རྩ་རྣམས་གསོ་སྐྱོང་བྱེད་དགོས། ཁྱེད་ཀྱི་རྐང་འཁོར་ལ་ཚོད་འཛིན་ཐུབ་པ་དང་། འགོག་ཐབས་ཤེས་པ། བརྗེ་ལེན་བྱེད་པ། ཛ་དྲག་གི་འགོག་ཐབས། མདུན་རྒྱབ་ལ་ལྟ་རྟོག་བྱེད་སྟངས། ལག་བརྡ་ཇི་ལྟར་སྟོན་དགོས་མིན་ཤེས་དགོས།” ཞེས་ཁི་རི་སི་ཊི་ན་ཡིས་བཤད།
Because we live in a car-centric world, I suggest ride like you are invisible to others. By that I mean, assume that other people around you don’t see you and ride accordingly.
Christina Neubauer, People on Bicycles
Cycling collage.png
Left: Wayde Suchodolskiy, The Bycyle Network. Right: Christina Neubauer, People on Bicycle.
ལམ་གྱི་འགྲིམ་འགྲུལ་དང་རྐང་འཁོར་གཏོང་སྐབས་ཀྱི་སྒྲིག་གཞི་ཤེས་དགོས་པ་གལ་ཆེན་པོ་རེད།
དེའི་ནང་རྐང་འཁོར་གཏོང་སྐབས་རྐང་འཁོར་ནང་འགྲིལ་རྒྱག་རྒྱུ་དེ་ཡང་བརྡབ་སྐྱོན་བྱུང་སྐབས་སྲུང་སྐྱོབ་བྱེད་ཆེད་ཡིན་པ་ཝེ་ཌེས་འགྲེལ་བརྗོད་བྱས་འདུག

ཨོ་སི་ཊོ་ལི་ཡ་ནི་འཛམ་གླིང་ནང་ནས་ཞྭ་མོ་གྱོན་རྒྱུར་བཙན་བཀའ་གཏོང་མཁན་གྱི་རྒྱལ་ཁབ་དང་པོ་དེ་ཆགས་ཡོད། ཁྱེད་ཀྱིས་རྟག་ཏུ་ཞྭ་མོ་གྱོན་དགོས་པ་དང་གལ་སྲིད་མ་གྱོན་ན་ཉེས་ཆད་ཆེན་པོ་གཅོད་སྲིད་པ་རེད། མཚན་མོ་དང་གནམ་གཤིས་སྐྱོ་པོ་ཡོད་སྐབས་ཁྱེད་ཀྱི་རྐང་འཁོར་ལ་མི་ཊར་ ༢༠༠ ནས་མཐོང་ཐུབ་པའི་གློག་སྤར་དགོས།

ཁྲིམས་ཡིག་ནང་རྟག་ཏུ་གློག་དམར་པོ་དང་འགྲོ་མཚམས་འཇོག་དགོས་པའི་བརྡ་རྟགས་ལ་འགྲོ་མཚམས་འཇོག་དགོས་པ་བཀོད་ཡོད། ཨོ་སི་ོཁྲུ་ལི་ཡའི་མངའ་སྡེ་མང་ཆེ་བའི་ནང་དར་མ་རྣམས་རྐང་ལམ་ཐོག་རྐང་འཁོར་གཏོང་མི་ཆོག་ཀྱང་བྱིས་པ་རྣམས་ཀྱིས་གཏོང་ཆོག་གི་ཡོད། ཁྱེད་ཀྱི་ལག་པར་ཁ་པར་འཁྱེར་ནས་རྐང་འཁོར་མ་གཏོང་། འོན་ཀྱང་རྣ་ཆས་བརྒྱུད་ནས་བེད་སྤྱོད་བྱེད་ཆོག་གི་རེད།
Be visible when riding a bicycle
It's important to be visible when riding a bicycle. Credit: Jackie Alexander/Unsplash
རྐང་འཁོར་བཞོན་སྐབས་རྐང་འཁོར་བ་གཞན་དང་། རྐང་ཐང་འགྲོ་བ་པོ། སྣུམ་འཁོར་སོགས་ལ་ཡིད་གཟབ་ཀྱིས་གཡས་གཡོན་ལྟ་དགོས། སྣུམ་འཁོར་ཁ་ལོ་བས་ཁྱེད་རང་ལས་སླ་པོར་མཐོང་ཐུབ་པའི་གྱོན་ཆས་གྱོན་ན་ཕན་ཐོགས་ཡོད།

ང་ཚོས་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་ཡོངས་སུ་རྐང་འཁོར་མང་དུ་གཏོང་སྐབས་རྐང་འཁོར་བཞོན་སྐབས་ཉེན་ཁ་ཇེ་ཆུང་དུ་འགྲོ་བཞིན་ཡོད། སྣུམ་འཁོར་ཁ་ལོ་བ་ཚོས་ང་ཚོའི་གནས་སྟངས་ལ་གོམས་འདྲིས་བྱེད་བཞིན་ཡོད། ཁྱེད་རང་གིས་བྱེད་ཐུབ་པའི་ལས་དོན་ཡག་ཤོས་ནི་ཁྱེད་ཀྱི་མཐའ་འཁོར་ལ་དོ་སྣང་བྱེད་པ་དང་ཉེན་ཁ་རྣམས་ཤེས་རྟོགས་བྱེད་རྒྱུ་དེ་ཡིན། ཝེ་ཌེས་བཤད།

འགྲིམ་འགྲུལ་བརྡ་འཕྲིན་ས་ཚིགས་སུ་གདོང་ཐུག་རྒྱག་པའི་བརྡབ་སྐྱོན་མང་ཆེ་བ་ཡིན་པས། གཟབ་གཟབ་བྱས་ནས་ཐག་ཉེ་སར་འགྲོ་བ་དང་སྣུམ་འཁོར་ཁ་ལོ་བ་ཚོས་ག་རེ་བྱེད་སྲིད་པ་སྔོན་དཔག་བྱེད་ཐབས་བྱོས། ལྷག་པར་དུ་ཁྱེད་རང་འགྲོ་སའི་ཕྱོགས་སུ་གཡོན་དང་གཡས་སུ་འཁོར་བཞིན་པའི་སྣུམ་འཁོར་ལ་དོ་སྣང་བྱོས།

ཁྱེད་རང་གིས་རྐང་འཁོར་གཏོང་རྒྱུ་གང་འདྲ་ཞིག་ཡིན་རུང་། རྐང་འཁོར་གྱི་རིགས་མི་འདྲ་བ་མང་པོ་ཡོད། ཁྱེད་ཀྱི་ས་གནས་ཀྱི་རྐང་འཁོར་ཚོང་ཁང་ནི་བསླབ་བྱ་ལེན་སའི་ས་ཆ་ཡག་པོ་ཞིག་ཡིན།

ང་ཚོའི་མོ་ཊ་བཏང་ནས་འགྲོ་སའི་འགྲོ་ཡུལ་མང་ཆེ་བ་དོན་དངོས་ཐོག་ཀི་ལོ་མི་ཊར་ ༤ ལས་ཉུང་བ་ཡོད་པ་དང་། དེ་ནི་རྐང་འཁོར་གྱིས་ལས་སླ་པོར་ཚབ་བྱེད་ཐུབ། རྐང་འཁོར་གྱིས་མོ་ཊ་ཆུང་ཆུང་ཞིག་ཚབ་བྱེད་རྒྱུའི་བསམ་བློ་གཏོང་མཁན་ཚོར་དམིགས་བསལ་གྱི་རྐང་འཁོར་རམ་ཡོ་ཆས་གང་ཡང་དགོས་ཀྱི་མེད། ལས་ཁུངས་སུ་འགྲོ་འོང་ཀི་ལོ་མི་ཊར་ ༡༥ ཡང་ན་དེ་ལས་མང་བ་དགོས་མཁན་ཚོས་གྲ་སྒྲིག་ཁ་ཤས་བྱེད་དགོས་པ་དང་། རྐང་འཁོར་གང་འདྲ་ཞིག་གཏོང་དགོས་མིན་བསམ་བློ་གཏོང་དགོས། ཞེས་ཁི་རི་སི་ཊི་ན་ཡིས་བཤད།

ཁྱེད་རང་མ་ཐོན་གོང་ནས་རྐང་འཁོར་གཏོང་སའི་འགྲུལ་བཞུད་འཆར་གཞི་ཡང་བཟོ་དགོས་པ་ཞིག་རེད། ཁྱེད་ཀྱིས་ Google གྷུལ་གྷལ་ས་ཁྲ་ཐོག་ས་ཚིགས་ཀ་ནས་ཁ་བར་འཇུག་ཐུབ་པ་དང་། འགྲིམ་འགྲུལ་བྱེད་སྟངས་རྐང་འཁོར་ཞེས་འདེམས་ཆོག
Bike lane on a Melbourne road
A bike lane on a Melbourne road. Credit: Pat Whelen/Pexels
ཨོ་སི་ཁྲུ་་ལི་ཡའི་གྲོང་ཁྱེར་དང་གྲོང་རྡལ་མང་པོར་རྐང་འཁོར་བཞོན་སའི་ལམ་ཁ་ཟུར་དུ་ཡོད་རེད།
ཝེ་ཌེས་“ཁྱེད་ཀྱིས་རྐང་འཁོར་བཞོན་སའི་ལམ་ཁ་མང་པོ་ཞིག་གཙང་པོའི་རྒྱུད་དམ་ཆུ་ཕྲན་གྱི་རྒྱུད་དུ་ཡོད་པ་དང་། རང་བྱུང་ཁམས་ཀྱི་མཛེས་སྡུག་ལྡན་པའི་ཁོར་ཡུག་ནང་རྒྱུར་བཞིན་ཡོད་པ་ཤེས་རྟོགས་ཡོང་གི་རེད། དེ་བཞིན་རླངས་འཁོར་མེད་པ་དེ་ཡང་བརྗོད་མ་དགོས་པ་ཞིག་རེད།”ཅེས་བརྗོད།

གལ་སྲིད་ཁྱེད་རང་རྐང་འཁོར་བཞོན་རྒྱུར་དགའ་པོ་ཡོད་ན། བསམ་བློ་མཚུངས་པའི་རྐང་འཁོར་བཞོན་མཁན་མང་པོ་རྙེད་ཐུབ་པའི་འདེམས་ཁ་མང་པོ་ཡོད།
ཁི་རི་སི་ཊི་ནཱས་“རྐང་འཁོར་བཞོན་པ་དེ་མི་འདྲ་མིན་ལ་དོན་དག་མི་འདྲ་བ་མང་པོ་མཚོན་གྱི་ཡོད། ལས་ཁུངས་སུ་འགྲོ་འོང་བྱེད་པ་དང་། དེ་རྩེད་མོ་ཁོ་ནར་རྩེ་བ། ལུས་རྩལ་དང་། རྒྱང་ཐག འགྲོས་ཚད་བཅས་ལ་དམིགས་འཛུགས་བྱེད་པ། རི་ཀླུང་རྐང་འཁོར་དང་། རྗེས་འདེད་རྐང་འཁོར། རྐང་འཁོར་རྒྱབ་ཁུག པི་ཨེམ་ཨེཀསི་བཅས་ཡོད། རྐང་འཁོར་བཞོན་སྟངས་འདི་དག་ཚང་མར་དེ་ལ་དོ་སྣང་ཡོད་པའི་མི་རྣམས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རང་རང་གི་ཚོགས་པ་དང་། རྩེད་རིགས་ཚོགས་པ། སྤྱི་ཚོགས་ཚོགས་པ་བཅས་ཡོད་པ་རེད།”ཅེས་འགྲེལ་བརྗོད་བྱས།

ས་ཁུལ་ཁ་ཤས་ལ་རྐང་འཁོར་བེད་སྤྱོད་ཚོགས་པ་ཡང་ན་ས་གནས་ཀྱི་སྤྱི་ཚོགས་འཁོར་སྐྱོད་གོ་སྒྲིག་དང་། སྲིད་གཞུང་དང་ལྷན་ཁང་ཁག་ལ་མཐུན་རྐྱེན་ཡག་པོ་མཁོ་སྤྲོད་བྱེད་པར་སྐུལ་མ་གཏོང་བའི་རྐང་འཁོར་བེད་སྤྱོད་ཚོགས་ཆུང་དེ་འདྲ་ཡོད།
ལུས་སྟོབས་དང་ཉམས་མྱོང་ཚད་གཞི་མི་འདྲ་བར་དམིགས་པའི་སྒྲིག་འཛུགས་ལྷོད་པོ་ཡོད་པའི་རྐང་འཁོར་སྐོར་སྐྱོད་ཚོགས་པ་རྣམས་སྤྱི་ཚོགས་དྲ་ལམ་ནས་རྙེད་ཐུབ།

ཁི་རི་སི་ཊི་ན་ཡིས་རྐང་འཁོར་སྐོར་སྐྱོད་གནང་མཁན་གྱི་ཁྲོད་དུ་སྣ་མང་རང་བཞིན་ཆེ་རུ་གཏོང་རྒྱུར་དགོངས་བཞེས་གནང་གི་འདུག
"སྤྱིར་བཏང་ཉེན་ཁར་གདོང་ལེན་བྱེད་པ་ལས་གཡོལ་ཐབས་བྱེད་མཁན་མང་བའི་བུད་མེད་དང་བྱིས་པའི་འཐུས་ཚབ་མང་དུ་གཏོང་འདོད་ཡོད།"ཅེས་འགྲེལ་བརྗོད་གནང་འདུག

ཨོ་སི་ཊོ་ལི་ཡའི་ནང་རྐང་འཁོར་བཞོན་རྒྱུའི་སྐོར་གནས་ཚུལ་ཞིབ་ཕྲ་ཤེས་འདོད་ན་གཤམ་གྱི་དྲ་ཚིགས་ཁག་ལ་གཟིགས་རོགས།

Subscribe or follow the Australia Explained podcast for more valuable information and tips about settling into your new life in Australia.   


Do you have any questions or topic ideas? Send us an email to 

Share

Recommended for you