དངུལ་ཁང་ཁ་བྱང་ཞིག་འཚོལ་དགོས་ན་ཁྱེད་རང་དཀའ་ལས་ཁག་པོ་ཡིན།

Australia Explained - Banking

You can select a bank with a physical presence or an online bank. Credit: Handsome Bob/Getty Images

གལ་ཏེ་ཁྱེད་ལ་ལས་ཀ་ཡོད་ན་དང་། གཞུང་གི་ཁེ་ཕན་ཐོབ་ན། ཡང་ན་ཁྱེད་ཀྱི་བུ་ལོན་སྟབས་བདེ་པོ་སྤྲོད་འདོད་ཡོད་ན། ཁྱེད་ལ་དངུལ་ཁང་གི་ཁ་བྱང་དགོས། ཁྱེད་ལ་གཅིག་ལས་མང་བ་དགོས་སྲིད། ཁྱེད་རང་གིས་ཨོ་སི་ཊོ་ལི་ཡའི་དངུལ་ཁང་གི་རྩིས་ཁྲ་འཛིན་མཁན་གྱི་ཚོང་ཤག་ས་ཡ་ ༢༠ ལ་མཉམ་ཞུགས་བྱེད་པར་དུས་ཚོད་འགའ་ཤས་བཏང་ནས་ཁྱེད་རང་གི་དགོས་མཁོ་ལ་འཚམ་ཤོས་འཚོལ་དགོས།


Key Points
  • You can open an account in person or online.
  • Online accounts might have less customer service but high interest rates.
  • Avoid monthly fees by shopping around or sticking to the account conditions.
  • The Australian government protects your account up to $250,000.
ཨོ་སི་ཊོ་ལི་ཡའི་མི་དམངས་ལ་དངུལ་རྩའི་ལས་ཁུངས་ ༡༠༠ལྷག་ཡོད་པའི་དངུལ་ཁང་འདེམས་གཞི་ཡོད། ཁྱེད་རང་གི་དངུལ་ཡིན་པས་ཁྱེད་རང་ལ་གང་ཞིག་ཕན་ཐོགས་ཡོད་མེད་ལ་ཤེས་རྟོགས་ལྡན་པའི་ཐག་གཅོད་བྱེད་དགོས།

ང་ཚོས་དངུལ་ཁང་ཁ་བྱང་སྐོར་བཤད་ཀྱི་ཡོད་ཀྱང་། ང་ཚོས་དངོས་གནས་དངུལ་ཁང་དང་། བུ་ལོན་མཐུན་ཚོགས། འཛུགས་སྐྲུན་ཚོགས་པ་བཅས་ལ་གོ་དགོས། བུ་ལོན་མཐུན་ཚོགས་དང་འཛུགས་སྐྲུན་ཚོགས་པ་ནི་ཚོང་ཤག་གི་བདག་དབང་ཡིན།

དངུལ་ཁང་བཞི་ཡིས་ཁྲོམ་རའི་ཐོག་ལ་དབང་བསྒྱུར་བྱེད་ཀྱི་ཡོད། དེ་དག་ནི་ANZདང་། ཀོ་མོལ་ཝལ་ཐི་ Commonwealth Bank དངུལ་ཁང་། རྒྱལ་ཡོངས་ཨོ་སི་ཁྲུ་ལི་ཡའི་དངུལ་ཁང་། དེ་བཞིན་Westpac བཅས་ཡིན།

སུ་ལ་དངུལ་ཁང་གི་ཁ་བྱང་་དགོས་སམ།

གལ་ཏེ་ཁྱེད་རང་ལ་ལས་ཀ་སྤྲོད་མཁན་གྱིས་གླ་ཆ་སྤྲོད་ཀྱི་ཡོད་ན། གཞུང་གི་ཁེ་ཕན་ཐོབ་ཀྱི་ཡོད་ན། དྲ་ཐོག་ནས་དངུལ་སྤྲོད་འདོད་ཡོད་ན། ཡང་ན་ཁྱེད་རང་གི་དངུལ་བདེ་འཇགས་ངང་ཉར་འདོད་ཡོད་ན། ཁྱེད་རང་ལ་དངུལ་ཁང་གི་རྩིས་ཁྲ་དགོས། ཁྱེད་ལ་གཅིག་ལས་མང་བ་དགོས་སྲིད།

ཨོ་སི་ཊོ་ལི་ཡའི་གཞུང་གི་དངུལ་རྩའི་ཐོབ་ཐང་འཆར་གཞི་དེས་རྩིས་ཁྲ་འཛིན་མཁན་ཚང་མར་ཨ་སྒོར་ཁྲི་ ༢༥༠ བར་འགན་ལེན་བྱེད་ཀྱི་ཡོད། དེའི་དོན་ནི་ཁྱེད་ཀྱི་དངུལ་རྩའི་ལས་ཁུངས་དེ་རྡིབ་པའི་གནས་ཚུལ་འབྱུང་སྲིད་པ་མ་ཡིན་ན་ཁྱེད་ཀྱི་དངུལ་དེ་སྲུང་སྐྱོབ་ཐོབ་ཡོད།
Australia Explained - Banking
The 'big four' banks Source: AFP / PETER PARKS/AFP via Getty Images

ཁྱེད་རང་དངུལ་ཁང་ཁ་བྱང་ཁ་ཕྱེ་ཆོག་པའི་ཐོབ་ཐང་ཡོད་དམ།

སཱ་ར་མེ་གྷིན་སོན་ནི་དངུལ་རྩའི་འགྲན་རྩོད་དྲ་ཚིགས་ཕིན་ཌར་ཡོད་པའི་སྒེར་གྱི་དངུལ་རྩའི་མཁས་པ་ཞིག་ཡིན།

ཁྱེད་རང་ཨོ་སི་ཊོ་ལི་ཡའི་སྤྱི་དམངས་དང་ཡང་ན་གནས་སྡོད་པ་ཡིན་དགོས་ཀྱང་གཏན་འཇགས་གནས་སྡོད་བྱེད་མི་དགོས་ཞེས་མོ་རང་གིས་འགྲེལ་བཤད་རྒྱབ་ཡོད།

གལ་ཏེ་ཁྱེད་རང་གནས་སྐབས་གནས་སྡོད་ཀྱི་སྐྱབས་བཅོལ་ལག་ཁྱེར་ཐོག་ཡོད་ན། ཁྱེད་རང་ད་དུང་ཡང་རྩིས་ཁྲ་ཁ་ཕྱེ་ཆོག་པའི་ཐོབ་ཐང་ཡོད། རྒྱུ་མཚན་ནི་དངུལ་ཁང་གིས་ཁྱེད་རང་ལ་རྩིས་ཁྲ་དགོས་པ་དང་ཁྱེད་རང་གི་ཡོང་འབབ་དངུལ་ཁང་ནང་དུ་འཇོག་དགོས་པ་ཤེས་ཀྱི་ཡོད། གལ་ཏེ་ཁྱེད་རང་ཕེབས་ནས་ཨོ་སི་ཁྲུ་ལི་ཡར་སློབ་སྦྱོང་བྱེད་ཆོག་པའི་ཆོག་མཆན་མེད་ན་དངུལ་ཁང་གི་རྩིས་ཁྲ་ཁ་ཕྱེ་རྒྱུ་དེ་ཧ་ཅང་གཡོ་སྒྱུ་ཅན་ཞིག་ཡིན།”

ཁྱེད་རང་ལོ་གང་འདྲ་ཞིག་ལ་ཡང་རྩིས་ཁྲ་ཁ་ཕྱེ་ཐུབ། འོན་ཀྱང་ཁྱེད་རང་ལོ་༡༨ ལས་དམའ་བ་ཡིན་ན། ཁྱེད་རང་ལ་ཕ་མའམ་ལྟ་སྐྱོང་བྱེད་མཁན་གཅིག་དགོས་ཤིང་།

རྩིས་ཁྲའི་རིགས།

རྩིས་ཁྲའི་རིགས་གཙོ་བོ་གཉིས་ལ་བསམ་གཞིག་བྱེད་དགོས།

དང་པོ་ནི་དུས་རྒྱུན་གྱི་ཚོང་དོན་རྩིས་ཁྲ་ཡིན། ལྕམ་མེ་གྷིན་སན་གྱིས་མིང་ནང་ལ་ལམ་སྟོན་དེ་ཡོད་ཅེས་བཤད།

“དེ་ནི་ཁྱེད་རང་གི་ཉིན་རྒྱུན་གྱི་ཚོང་དོན་ཚང་མ་བྱེད་སའི་རྩིས་ཁྲ་ཞིག་རེད། ཁྱེད་རང་གི་གླ་ཆ་འཇོག་ས་དེ་ཡིན་སྲིད། དེ་བརྒྱུད་ནས་དངུལ་རྒྱུག་ཐུབ་པའི་ཆེད་དུ་བཟོས་ཡོད།”

ཁྱེད་རང་གིས་ཚོང་དོན་རྩིས་ཁྲའི་ཐོག་སྐྱེད་ཀ་ཐོབ་མི་ཐུབ། འོན་ཀྱང་ཁྱེད་རང་གིས་དངུལ་བུན་ཡང་ན་དངུལ་བཏོན་ཤོག་བྱང་ལ་འབྲེལ་མཐུད་བྱེད་ཐུབ།

Australia Explained - Banking
Your bank account will link to your credit or debit card. Credit: davidf/Getty Images
སྤྱིར་བཏང་གི་རྩིས་ཁྲའི་རིགས་གཉིས་པ་ནི་གསོག་འཇོག་རྩིས་ཁྲ་ཡིན།

ད་ལྟ་སྐྱེད་ཀའི་ཚད་གཞི་དེ་འདྲ་མཐོ་པོ་ཡོད་པས་ཁྱེད་ཀྱིས་གསོག་འཇོག་རྩིས་ཁྲའི་ཐོག་ནས་ཁེ་སྤོགས་ཡག་པོ་ཐོབ་ཐུབ་ཀྱི་ཡོད།

ཁྱེད་རང་གི་ཚོང་དོན་རྩིས་ཁྲའི་ནང་དངུལ་ཁ་ཤས་དང་ལྷག་མ་རྣམས་སྐྱེད་ཀ་མཐོ་བའི་གསོག་འཇོག་རྩིས་ཁྲའི་ནང་བཞག་ན་ཡག་པོ་ཡོད།

དངུལ་ཁང་གི་སྐྱེད་ཀ།

གསོག་འཇོག་རྩིས་ཁྲ་དེས་དུས་ཚོད་དང་བསྟུན་ནས་འགྱུར་བ་འགྲོ་སྲིད་པའི་སྐྱེད་ཀ་སྣ་ཚོགས་སྤྲོད་ཀྱི་ཡོད།

ཨན་ཌི་རུ་ཌེ་ཌི་ཝེལ་ནི་ཨོ་སི་ཊོ་ལི་ཡའི་དངུལ་ཁང་དང་མ་རྩ་འཇོག་པའི་ལྷན་ཁང་གི་
དྲ་ཚིགས་འདིས་ཨོ་སི་ཁྲུ་ལི་ཡའི་མི་དམངས་ལ་ཁོང་ཚོའི་དངུལ་རྩ་ལ་དབང་སྒྱུར་བྱེད་པར་རོགས་རམ་བྱེད་ཀྱི་ཡོད།
If you have a savings account you'll earn interest on your initial savings and on the interest you've earned already, so you get interest on your interest.
Andrew Dadswell, ASIC's Moneysmart
དཔེར་ན། ཁྱེད་ཀྱི་གསོག་འཇོག་རྩིས་ཁྲའི་ནང་བརྒྱ་ཆ་བཞི་ཡི་སྐྱེད་ཀ་ཡོད་པའི་ཨ་སྒོར་༡༠༠ཡོད་ན། ལོ་མཇུག་ཏུ་ཁྱེད་ལ་ཨ་སྒོར་༡༠༤ཡོད།

ཁྱེད་རང་གིས་ཐོབ་པའི་སྐྱེད་ཀ་གང་རུང་ཞིག་ཁྱེད་རང་གི་ཁྲལ་འཇལ་ཆོག་པའི་ཡོང་འབབ་ཀྱི་ཆ་ཤས་ཤིག་ཡིན་པས་ཁྱེད་རང་གིས་ཁྲལ་འབབ་ཀྱི་སྙན་ཞུའི་ཐོག་ལ་གསལ་བསྒྲགས་བྱེད་དགོས།

ཁྱེད་ལ་དངུལ་ཁང་གང་འདྲ་ཞིག་འཚམ་མིན་བསམ་གཞིག་བྱོས།

ཁྱེད་ལ་དངུལ་ཁང་ཞིག་དགོས་སམ། དེ་ནས་སྲོལ་རྒྱུན་གྱི་དངུལ་ཁང་ཆེན་པོ་བཞི་ཡང་ན་གྲགས་ཅན་དངུལ་ཁང་ཞིག་ཁྱེད་ཀྱི་ཆེད་དུ་ཡིན།

གང་ལྟར་ཡང་ཁྱེད་རང་དྲ་ཐོག་ནས་ཚོང་ལས་གཉེར་རྒྱུར་དགའ་པོ་ཡོད་སྲིད།

ཉེ་བའི་ལོ་ཤས་རིང་དངུལ་ཁང་གི་རིགས་གསར་པ་ཞིག་ཐོན་ཡོད། 'Neo banks' ཡང་ན་དྲ་རྒྱའི་དངུལ་ཁང་ལ་དངོས་པོའི་ས་ཆ་མེད། ཁོང་ཚོ་དྲ་ཐོག་ཁོ་ནར་ཡོད།

དེ་དག་ལ་ཚོང་ཤག་གི་ཞབས་ཞུའི་གནས་ཚད་མི་འདྲ་བ་ཡོད་ཀྱང་། ཁོང་ཚོས་སྐྱེད་ཀ་མཐོ་པོ་སྤྲོད་ཐུབ་ཀྱི་ཡོད།

གཅིག་བྱས་ན་ཁ་པར་གྱི་བྱེད་ནུས་དེ་ཁྱེད་ལ་གལ་ཆེན་པོ་རེད། དངུལ་ཁང་གང་གིས་ཁྱེད་ཀྱི་བུ་ལོན་གྱི་ཀར་ཊར་དེ་ཁྱེད་ཀྱི་དངུལ་ཁུག་ཆུང་ཆུང་ལ་ཁ་སྣོན་བྱེད་ཆོག་མིན་ལྟ་ཞིབ་བྱོས། དངུལ་ཁང་ཚང་མས་བྱེད་ཀྱི་མེད།

རྩིས་ཁྲ་རེ་ཞུ་བྱེད་པ།

ཁྱེད་རང་གིས་འདོད་པའི་དངུལ་ཁང་གི་ཡན་ལག་ལ་ཕེབས་པའམ་ཡང་ན་ཁོང་ཚོའི་དྲ་ཚིགས་ལ་སོང་ནས་བརྡ་སྟོན་ལྟར་བྱེད་པ་དང་འདྲ་བར་སྟབས་བདེ་པོ་ཡོད།

དཀའ་ངལ་གཅིག་ནི་ཁྱེད་ཀྱི་ངོ་བོ་བདེན་དཔང་བྱེད་རྒྱུ་དེ་རེད་ཅེས་ལྕམ་མེ་གྷིན་སན་གྱིས་བཤད།

“དེ་ནི་འཛིན་སྐྱོང་བྱ་རིམ་ཞིག་ཡིན་ནའང་། དེ་ནི་ཁྱེད་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན།”

ཁྱེད་རང་གིས་ཁྱེད་རང་གི་ཕྱི་སྐྱོད་ལག་ཁྱེར་དང་། སྐྱེས་ཚེས་ལག་ཁྱེར། ཡང་ན་སྨན་བཅོས་ལྟ་སྐྱོང་ལག་ཁྱེར་བཅས་ཡིན་པའི་ངོ་བོའི་བདེན་དཔང་སྤྲོད་དགོས།

སྤྱིར་བཏང་ཁྱེད་རང་ཡིག་ཆ་འཁྱེར་ནས་དངུལ་ཁང་ནང་དུ་འགྲོ་རྒྱུ་ཡིན།

ཁྱེད་རང་མ་ལག་ནང་དུ་འཛུལ་ནས་དྲ་ཐོག་དངུལ་ཁང་ཡང་ན་ཁ་པར་དངུལ་ཁང་གི་མཉེན་ཆས་སྒྲིག་འཛུགས་བྱས་རྗེས་སྐར་མ་ཁ་ཤས་ནང་རྩིས་ཁྲ་ཁ་སྣོན་བྱེད་ཐུབ།

Australia Explained - Banking
How important is smartphone functionality to you? Credit: andresr/Getty Images

ཁྱེད་རང་གསར་དུ་སླེབས་ནས་རྩིས་ཁྲ་དགོས་སམ།

ཁྱེད་རང་གི་ངོས་འཛིན་ཡིག་ཆ་དེ་ཅུང་མི་འདྲ་བ་ཆགས་རྒྱུ་རེད།

གལ་ཏེ་ཁྱེད་རང་གསར་དུ་ཡོང་མཁན་ཞིག་ཡིན་ན། ཁྱེད་རང་གི་ཕྱི་རྒྱལ་གྱི་ཕྱི་སྐྱོད་ལག་ཁྱེར་ཡོད་པ་དང་། ཁྱེད་རང་གི་ཕྱི་སྐྱོད་ལག་ཁྱེར་ནང་ལ་སླེབས་པའི་ཚེས་གྲངས་ཡོད་སྟབས། ཁྱེད་རང་ཁྲིམས་མཐུན་ཐོག་འདིར་འབྱོར་ཡོད་མེད་ལ་ལྟ་ཞིབ་བྱེད་པར་ཕྱི་སྐྱོད་ལག་ཁྱེར་གྱི་འདྲ་བཤུས་དགོས། མོས་ལོ་བཅུ་ཕྲག་མང་པོའི་རིང་གནས་སྤོས་པ་ཚོར་དངུལ་ཁང་ལས་དོན་ལ་རོགས་རམ་བྱེད་ཀྱི་ཡོད།

གསར་དུ་ཡོང་མཁན་ཚོས་ཨོ་སི་ཁྲུ་ལི་ཡའི་ཁྲལ་དོན་ལས་ཁུངས་སུ་ཁྲལ་ཡིག་ཆའི་ཨང་གྲངས་ཐོ་འགོད་བྱེད་དགོས་པ་དང་།

གལ་ཏེ་ཁྱེད་རང་གུང་གསེང་སྐབས་འདིར་ཡོད་ན་དངུལ་ཁང་གི་རྩིས་ཁྲ་ཁ་ཕྱེ་ཐུབ་ཀྱི་མ་རེད།

ཁྱེད་རང་གིས་ཕྱི་རྒྱལ་ནས་ཨོ་སི་ཊོ་ལི་ཡའི་དངུལ་ཁང་གི་རྩིས་ཁྲའི་ནང་དངུལ་སྤོ་དགོས་སྲིད་ཅེས་ལྕམ་སི་ཊ་གྷི་ཊི་ཡིས་བཤད།

དེ་ནས་ཁྱེད་ལ་དངུལ་བརྗེ་རེས་རིན་གོང་ཐོབ་པ་དེས་ཁོང་ཚོར་གྱོང་གུན་ཆེན་པོ་བཟོ་གི་ཡོད།

ཁྱེད་རང་གིས་དངུལ་ཁང་དང་མཉམ་དུ་གདམ་ག་སྐོར་གྲོས་བསྡུར་བྱེད་དགོས།

དངུལ་ཁང་ཁ་ཤས་ཀྱིས་ཁྱེད་རང་ཨོ་སི་ཊོ་ལི་ཡར་མ་ཡོང་གོང་ལ་རྩིས་ཁྲ་ཁ་ཕྱེ་ཆོག་པ་དང་། ཁྱེད་རང་སླེབས་རྗེས་ཡན་ལག་ཁང་དུ་ཁྱེད་རང་གི་ངོ་བོ་བདེན་དཔང་བྱེད་དགོས་པའི་བཀའ་བཏང་ཆོག གལ་ཏེ་ཁོང་ཚོ་དྲ་ཐོག་དངུལ་ཁང་ཡིན་ན། ཁོང་ཚོས་ཁྱེད་ལ་དྲ་ཐོག་ནས་སྙན་ཞུ་འབུལ་ཆོག་པའི་ཆོག་མཆན་སྤྲོད་སྲིད།

གླ་ཆ་སྤྲོད་མི་དགོས།

གལ་ཏེ་ཁྱེད་རང་གིས་ཚོང་དོན་རྩིས་ཁྲའི་ཐོག་ལ་རིན་པ་སྤྲོད་ཀྱི་ཡོད་ན། ཁྱེད་རང་གིས་ཚོང་དོན་ཡག་པོ་ཞིག་ལ་ཉོ་ཆ་རྒྱག་དགོས་ཞེས་ས་ར་མེག་གྷིན་སན་གྱིས་བཤད།

There's no need to be paying those fees. You're pretty much donating profits to the bank.
Sarah Megginson, Personal Finance Expert, Finder
ཁྱེད་ཀྱིས་ཆ་རྐྱེན་འགའ་ཤས་ཚང་ནས་སྐྱེད་ཀ་མཐོ་བའི་གསོག་འཇོག་རྩིས་ཁྲའི་རིན་པ་ཡང་བཀག་ཐུབ།

“དེ་ནི་ཁྱེད་ཀྱིས་དངུལ་བསགས་ཏེ་དངུལ་འབོར་ངེས་ཅན་ཞིག་བསྣན་དགོས་པའམ་ཡང་ན་དངུལ་ཕྱིར་འཐེན་བྱེད་མི་ཐུབ་པ་ཡིན་སྲིད། ཁྱེད་རང་གིས་དངུལ་ཁང་གི་རྩིས་ཁྲ་གང་འདྲ་ཞིག་འདེམས་ཀྱང་ཆ་རྐྱེན་དེ་ཁྱེད་རང་ལ་འཚམ་པོ་ཡོད་པར་ངེས་པར་དུ་བྱེད་དགོས།”

ཁྱེད་རང་གིས་ཨོ་སི་ཊོ་ལི་ཡའི་ནང་འཚོ་བ་གསར་པར་གཞི་ཆགས་པའི་སྐོར་གྱི་རིན་ཐང་ཅན་གྱི་གནས་ཚུལ་དང་བསླབ་བྱ་མང་བ་ཐོབ་ཆེད་ཨོ་སི་ཁྲུ་ལི་ཡའི་འགྲེལ་བཤད་བྱས་པའི་པོད་ཁཱསཊ་ལ་མངགས་ཉོ་བྱེད་རོགས།   

ཁྱེད་ལ་དྲི་བ་དང་བརྗོད་གཞིའི་བསམ་ཚུལ་ཡོད་དམ། ང་ཚོར་ [email protected]  ལ་གློག་འཕྲིན་གཏོང་རོགས། 

Share