Key Points
- A shared house is a household where unrelated individuals live togther.
- Rising cost of living has compelled many people to seek shared accommodation.
- It is necessary to verify both the legitimacy of the property and the identity of the person offering it.
གནད་འགག་གནད་དོན།
- མཉམ་སྤྱོད་ཁང་པ་ནི་འབྲེལ་བ་མེད་པའི་མི་སྒེར་མཉམ་དུ་སྡོད་པའི་ཁྱིམ་ཚང་ཞིག་ཡིན།
- འཚོ་བའི་རིན་གོང་འཕར་བའི་དབང་གིས་མི་མང་པོ་ཞིག་གིས་སྡོད་གནས་མཉམ་སྤྱོད་བྱེད་འདོད་བྱེད་ཀྱི་ཡོད།
- ཁང་པ་སྤྲོད་མཁན་དེའི་རྒྱ་ནོར་བདག་དབང་ཁྲིམས་མཐུན་ཡིན་མིན་དང་ངོ་སྤྲོད་ལག་འཁྱེར་ཞིབ་བཤེར་བྱེད་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད།
འཚོ་བའི་འགྲོ་སོང་གྱི་དཀའ་ངལ་འཕར་བཞིན་པའི་སྐབས་སུ་མི་མང་པོ་ཞིག་གིས་མཉམ་སྤྱོད་སྡོད་ཁང་ལ་འགྱུར་བཞིན་ཡོད། ལོ་ ༡༥ ཡན་གྱི་འབྲེལ་བ་མེད་པའི་མི་སྒེར་གཉིས་དང་ཡང་ན་དེ་ལས་མང་བ་མཉམ་དུ་སྡོད་པའི་ཁྱིམ་ཚང་ཞིག་ལ་ཨོ་སི་ཊོ་ལི་ཡའི་རྩིས་དཔྱད་ལས་ཁུངས་ཀྱིས་མཉམ་སྤྱོད་ཁང་པ་ཞེས་འགྲེལ་བརྗོད་བྱེད་ཀྱི་ཡོད།
ཁཱ་ལཱ་ཌི་ཨ་ Claudia Conley ལགས་ནི་ Flatmates ཞེས་པའི་སྤྱི་ཚོགས་ཀྱི་འགན་འཛིན་ཞིག་ཡིན།
དེ་ཡང་ཁོང་གིས་“ཁང་པ་མཉམ་སྤྱོད་ཅེས་པ་ནི་འབྲེལ་བ་མེད་པའི་མི་དང་བཟའ་ཚང་ནང་མི་མེད་པའི་མི་ཚོས་ཁང་པ་གཅིག་གི་ནང་མཉམ་དུ་སྡོད་མཁན་དང་ཁང་གླ་བགོ་བཤའ་རྒྱག་མཁན་ལ་གོ་གི་ཡོད་པ་རེད་"ཅེས་གསུངས་འདུག
It's not only younger people who are seeking shared accommodation. Credit: Klaus Vedfelt/Getty Images
དཔལ་འབྱོར་གྱི་དཀའ་ངལ།
འཚོ་བའི་འགྲོ་སོང་འཕར་བཞིན་པ་དེས་ཨོ་སི་ཁྲུ་ལི་ཡའི་མི་མང་པོ་ཞིག་ལ་འགྲོ་གྲོན་ཉུང་དུ་གཏོང་དགོས་པ་དང་འཆར་དངུལ་ལ་མཐུན་པའི་ཐབས་ཤེས་གཞན་ཞིག་འཚོལ་དགོས་པའི་བཀའ་བཏང་ཡོད། སྐྱེད་ཀའི་ཚད་གཞི་འཕར་བའི་རྐྱེན་གྱིས་ཀླུ་ཌི་ཡས་འདས་པའི་ལོ་གཉིས་རིང་ཁང་པ་མཉམ་སྤྱོད་བྱེད་པར་དར་ཁྱབ་ཆེན་པོ་བྱུང་ཡོད་ཅེས་བརྗོད།
འདས་པའི་ལོ་གཉིས་རིང་ཁང་པའི་དགོས་མཁོ་དེ་དངོས་གནས་མཐོ་རུ་ཕྱིན་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད། དེ་ནི་འཚོ་བའི་འགྲོ་སོང་འཕར་མ་དང་ཁང་གླའི་དཀའ་ངལ་གྱི་རྐྱེན་གྱིས་ཡིན། བགོ་བཤའ་རྒྱག་པའི་ཁང་པའི་ནང་སྡོད་པ་དེ་མི་ཚོར་རིན་གོང་མཐོ་པོ་ཆགས་ཐུབ་པ་དང་། ད་དུང་ཡང་འགྲོ་སོང་ཡང་ཡོད། འོན་ཀྱང་སྲོལ་རྒྱུན་གྱི་ཁང་གླ་དང་བསྡུར་ན་དེ་བས་རིན་གོང་མཐོ་པོ་ཡོད། ང་ཚོའི་ལྟད་མོ་བ་བརྒྱ་ཆ་༨༥ དངུལ་རྩའི་རྒྱུ་མཚན་གྱིས་ཁང་པ་མཉམ་སྤྱོད་བྱེད་ཀྱི་ཡོད།
དངུལ་རྩའི་དཀའ་ངལ་འཕྲད་བཞིན་པའི་མི་སྒེར་ཁོ་ན་མ་ཡིན་པར། ཁང་གླའི་ལོ་རྒྱུས་མེད་པའི་གནས་སྤོས་པ་གསར་པ་ཚོས་ཀྱང་རྒྱུན་དུ་ཁང་པ་མཉམ་སྤྱོད་བྱེད་པར་འཚོལ་གྱི་ཡོད།
Rising cost of living means that more people are seeking to share a house with others. Credit: Rafael Ben-Ari/Getty Images
གལ་ཏེ་ཁོང་ཚོར་ལོ་རྒྱུས་མེད་ན་ཁོང་ཚོ་སྡོད་གནས་འཚོལ་བར་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། ཁོང་ཚོ་སྡོད་ཁང་མཉམ་སྤྱོད་བྱེད་པའི་ཕྱོགས་སུ་སྤོ་བཞིན་ཡོད།
མཁས་དབང་ཀའེ་ཌལ་གྱིས་མཁོ་འདོན་དང་དགོས་མཁོ་དེས་འགྲན་རྩོད་ཆེ་བའི་ཁང་གླའི་ཁྲོམ་རའི་ནང་སྡོད་ཁང་འཚོལ་མཁན་ཚོར་ཁང་པ་མཉམ་སྤྱོད་བྱེད་པའི་གདམ་ག་ཞིག་ཏུ་འགྱུར་བར་གལ་ཆེའི་འགན་འཁུར་གྱི་ཡོད་ཅེས་བརྗོད་ཡོད།
གལ་ཏེ་ང་ཚོས་ཁང་པ་ཉོ་ཚོང་བྱེད་སྐབས་བདུན་ཕྲག་དང་པོའི་ནང་སྙན་ཞུ་༤༠ནས་༡༠༠བར་ཐོབ་ཀྱི་ཡོད།
Navigating the shared housing market can be challenging, especially with the increasing prevalence of scams targeting potential tenants.
སྲོལ་རྒྱུན་ཁྲོམ་རའི་ནང་ཁང་པ་མཉམ་སྤྱོད།
ཁང་པ་གཅིག་ནང་སྡོད་མཁན་གྱི་ཁང་པ་གླ་མཁན་ཚོས་ཁང་གླ་བགོ་བཤའ་རྒྱག་ཆེད་ཁང་པ་གླ་ཆ་སྤྲོད་ཐུབ་ཀྱི་ཡོད་ཀྱང་། ཁང་བདག་ནས་སྔོན་ནས་ཆོག་མཆན་དགོས་ཞེས་སྐུ་ཞབས་ཀའེ་ཌལ་གྱིས་འགྲེལ་བཤད་རྒྱག་ཡོད།
དེ་ཡང་ཁོང་གིས་“ཁང་པ་གླ་མཁན་གཙོ་བོ་ཞིག་ཡང་ན་གླ་ཆ་སྤྲོད་མཁན་མང་པོ་ཡོད་སྲིད་པ་དང་། ཁོང་ཚོས་དུས་ཐོག་ཏུ་ཁང་གླ་སྤྲོད་དགོས་པ་དང་། གང་ཡང་སྤྲོད་དགོས་པ་དང་། ཁོང་ཚོས་གང་ཡང་བཀོད་སྒྲིག་བྱེད་དགོས། ཁོང་[ཡང་ན་མོ་]ནི་ཁང་པ་ཉོ་ཚོང་དང་འབྲེལ་བ་བྱེད་མཁན་དེ་རེད།”
ཁང་བདག་གིས་ཁང་པ་གཅིག་ལ་སྡོད་སྐབས་ཁང་པ་མཉམ་སྤྱོད་བྱེད་སྐབས་ཁོང་ཚོས་གཞི་རྩའི་མཐུན་རྐྱེན་ཚང་མ་མཁོ་སྤྲོད་བྱེད་པའི་འགན་འཁྲི་འཁུར་གྱི་ཡོད།
དེ་ཡང་ཁོང་གིས་“ ཁོང་ཚོར་ཐབ་ཚང་མི་འདྲ་བ་དང་། ཁྲུས་ཁང་སོ་སོ་དང་། གཙང་བཟོའི་སྐོར་ལ་ཚད་བཀག་འགའ་ཤས་ཡོད། དེ་ནི་ཁོང་ཚོས་ཁང་པ་དེ་འཚོ་གནས་ཐུབ་པའི་ཆེད་དུ་ཕན་ཚུན་གྱི་གྲོས་མཐུན་ཞིག་བཏོན་དགོས་པ་རེད།”ཅེས་སྐུ་ཞབས་ཀའེ་ཌལ་གྱིས་བཤད།
རྩོད་རྙོག་འདུམ་འགྲིག་བྱེད་པ།
མོས་མཐུན་མེད་པ་དེ་འཕྲལ་མར་ཐག་གཅོད་བྱེད་པ་དེ་ཁང་པ་མཉམ་སྤྱོད་བྱེད་རྒྱུ་དེ་འབྲེལ་ཡོད་ཚང་མར་ཞི་བདེ་དང་སྐྱིད་པོ་ཡོང་བར་གལ་ཆེན་པོ་རེད། ལྕམ་ཀོན་ལི་ཡིས་ཁང་པ་གླ་མཁན་དང་ཁང་བདག་གཉིས་ཀྱིས་ཁོང་ཚོའི་བར་གྱི་གནས་ཚུལ་ཚང་མ་ཡིག་ཐོག་ཏུ་བཞག་ནས་རྩོད་རྙོག་གང་ཡང་མ་བྱུང་བའི་བསླབ་བྱ་སྤྲོད་ཀྱི་ཡོད།
ཁྱེད་རང་གིས་ཁྱེད་རང་གི་སྒྲིག་གཞིའི་སྐོར་ལ་ཚང་མ་བྲིས་ཡོད་པར་འགན་ལེན་བྱེད་པར་ཕྱོགས་གཉིས་ཀས་སྐུལ་མ་ཆེན་པོ་གཏོང་གི་ཡོད། ཁྱོད་ཀྱིས་ཁང་གླ་ག་ཚོད་སྤྲོད་དགོས་སམ། གལ་ཏེ་དངོས་པོ་ཆུང་ཆུང་ཞིག་ཆག་ན་ཁྱེད་ཀྱིས་གནས་ཚུལ་གལ་ཆེན་བྲིས་ཡོད་པ་མཐོང་ནས་ཕྱོགས་གཉིས་ཀས་མིང་རྟགས་བཀོད་དགོས།
Serious mature couple receive professional advice Credit: JohnnyGreig/Getty Images
མཉམ་སྤྱོད་སྡོད་ཁང་ནང་གཡོ་སྒྱུ།
མཉམ་སྤྱོད་ཁང་པའི་ཁྲོམ་ར་ལ་འགྲོ་རྒྱུ་དེ་དཀའ་ལས་ཁག་པོ་ཡོང་གི་ཡོད། ལྷག་པར་དུ་ཁང་པ་གླ་མཁན་གྱི་འབྱུང་འགྱུར་ལ་དམིགས་ནས་མགོ་སྐོར་གཏོང་བ་མང་དུ་འགྲོ་བཞིན་ཡོད།
ལྕམ་ཀོན་ལི་ཡིས་མགོ་སྐོར་གཏོང་བ་དེ་འབྱུང་བཞིན་ཡོད་ཀྱང་། ང་ཚོས་དེ་དག་ལས་གཡོལ་ཐུབ་ཀྱི་ཡོད་ཅེས་བཤད།
ཁྱེད་རང་གིས་དྲ་ཐོག་ནས་མི་གཞན་ཞིག་གིས་ཁྱེད་ལ་འཕྲིན་ཐུང་བཏང་ནས་མི་གཞན་ཞིག་ལ་འབྲེལ་བ་བྱེད་ཀྱི་ཡོད་ན། ཁོང་ཚོས་ཁྱེད་ལ་མེལ་བྷོར་ན་གྲོང་ཁྱེར་གྱི་མཐོང་སྣང་ཡོད་པའི་ཁང་པའི་ཐོག་ཁང་མཛེས་པོ་ཞིག་སྤྲོད་ཀྱི་ཡོད་ན། ཁྱེད་ལ་ཡིད་ཆེས་བྱེད་ཐུབ་པའི་མཐུན་རྐྱེན་དང་ཡོ་ཆས་གསར་པ་འདི་དག་ཡོད་ལ། བདུན་ཕྲག་རེར་ཨ་སྒོར་༢༠༠ཡིན། དེ་བདེན་པ་ཡིན་པ་ལས་ཡག་པོ་འདུག དེ་མགོ་སྐོར་གཏོང་བ་ཞིག་ཡིན་སྲིད།”
མི་སྒེར་གྱིས་དྲ་ཐོག་ནས་ཅ་ལག་དང་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་གྱི་མི་སྒེར་དང་འབྲེལ་བ་བྱེད་སྐབས་མི་སྒེར་གྱི་ཐོག་ནས་ཐུག་འཕྲད་བྱེད་པའི་ནུས་པ་མེད་པར་དོགས་ཟོན་བྱེད་རྒྱུ་དེ་ཡག་ཤོས་རེད།
“གལ་ཏེ་མི་གཞན་ཞིག་གིས་ཁྱེད་ལ་ཐུག་མི་ཐུབ་པའི་རྒྱུ་མཚན་མང་པོ་བཤད་ཀྱི་ཡོད་ན། དེ་ནི་མགོ་སྐོར་གཏོང་བ་ཞིག་ཡིན་སྲིད་པས་དེ་ལ་དོ་སྣང་བྱེད་དགོས་པ་ཞིག་རེད།”
ཁྱེད་རང་གིས་འབྲེལ་བ་བྱེད་བཞིན་པའི་མི་དེའི་ཁང་པའི་ཁྲིམས་མཐུན་རང་བཞིན་དང་ངོ་བོ་གཉིས་ཀ་བདེན་དཔང་བྱེད་དགོས། ལྷག་པར་དུ་ཨོ་སི་ཊོ་ལི་ཡར་གནས་སྤོ་བྱེད་རྒྱུའི་འཆར་གཞི་ཡོད་མཁན་ཚོར།
ཁྱེད་རང་ཚོ་སླེབས་མ་ཐག་ཁྱེད་རང་གི་སྡོད་གནས་སྒྲིག་འཛུགས་བྱེད་དགོས་པས་འདི་ཧ་ཅང་དཀའ་ཁག་ཆེན་པོ་ཆགས་སྲིད་པ་རེད། ང་ཚོའི་ལྟ་ཚུལ་ལྟར་ན། དེ་ནི་ཁྱེད་ཀྱིས་མགོ་སྐོར་གཏོང་བར་རོགས་རམ་བྱེད་ཐུབ་པའི་ལས་ཀ་བདེ་འཇགས་ཆེ་ཤོས་དེ་རེད།”
Subscribe or follow the Australia Explained podcast for more valuable information and tips about settling into your new life in Australia.
ཁྱེད་རང་ལ་དྲི་བ་དང་བརྗོད་གཞི་སྐོར་བསམ་ཚུལ་འདྲ་ཡོད་དམ། ང་ཚོར་གློག་འཕྲིན་ཁ་བྱང་ ཐོག་འབྲེལ་བ་གནང་རོགས།