འཐག་བསླས་རིག་གནས་ཀྱི་བཟོ་བསྐྲུན་བྱས་པའི་ཐོན་རྫས་ཁག་སྙིང་རྗེ་པོ་ཡོད་པ་གང་ཞིག དེ་ལ་རིག་གནས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད།
ཐེངས་འདིར་ཨོ་སི་ཊོ་ལི་ཡ་ངོ་སྤྲོད་ཀྱི་ལེ་ཚན་འདིའི་ནང་འཐག་བསླས་རིག་གནས་ངོ་སྤྲོད་དེའི་བརྒྱུད་ནས་མི་དང་མིའི་དབར་དང་། རྒྱལ་ཁབ་དང་རྒྱལ་ཁབ་དབར། གླིང་ཆེན་ནས་གླིང་ཆེན་དབར་རིན་ཐང་བྲལ་བའི་རིག་གནས་ངོ་སྤྲོད་བྱེད་པའི་ཐབ་ལམ་གལ་ཆེན་ཤིག་ཆགས་ཡོད།
འཐག་བསླས་རིག་གནས་ཀྱིས་བཟོ་བསྐྲུན་ཐོན་སྐྱེད་བྱེད་པའི་ཅ་དངོས་ནི་རྣམ་པ་སྣ་ཚོགས་ཡོད་ཅིང་དེ་དག་ཚང་མ་མི་རིགས་དང་པོ་འཐག་མཁན་རྣམས་ཀྱི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་བྱུང་བ་ཞིག་ཡིན།
འཐག་བསླས་ཀྱི་བྱ་བཞག་རེ་རེའི་བཟོ་དབྱིབས་ལམ་ནས་འཐག་བསླས་བཟོ་པ་དང་ཁོང་ཚོའི་ཕ་ས་ཕ་ཡུལ་དང་ཁོང་ཚོའི་མེས་པོ་དབར་གྱི་འབྲེལ་ལམ་མཚོན་ཐུབ་ཀྱི་ཡོད།
འཐག་བསླས་བྱ་བཞག་འགོ་འཛུགས་དང་གྲ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་ཁོང་ཚོས་འདམ་པ་དང་། ཤིང་གི་པགས་པ། རྩི་ཤིང་སོགས་འཚོལ་བསྡུ་བྱེད་དགོས་ཀྱི་ཡོད། རྒྱུ་ཆ་དེ་དག་ལ་བརྟེན་ནས་ཁོང་ཚོས་དཔེར་ན། སློ་མ་དང་། ཕོར་པ། ཐག་པ། དྲ་བ་སོགས་ཅ་དངོས་དང་ཡོ་ཆས་སྣ་ཚོགས་བཟོ་བསྐྲུན་བྱེད་ཀྱི་ཡོད།
སྒྱུ་རྩལ་བ་དང་ཤེས་ཡོན་པ་ཆཱ་རེ་ཇོན་སོ་ནེ་ Cherie Johnsonis ལགས་ནི་ཨོ་སི་ཊོ་ལི་ཡའི་ནིའུ་སའོ་ཐི་ཝལ་ NSW མངའ་སྡེའི་ནུབ་ཕྱོགས་ས་ཁུལ་ནས་ཡིན་ཞིང་ཁོ་མོ་ལོ་ན་ ༡༦ སྐབས་ནས་འཐག་བསླས་ཀྱི་ལས་ཀ་བྱེད་མྱོངས་ཡོད་པ་རེད།
ཁོ་མོས་དབྱིན་ཡིག་གི་ནང་འཐག་བསླས་ཟེར་བ་དེ་ཚིག་གཅིག་རང་རེད། ཡིན་ན་ཡང་དེ་ལ་བརྒྱུད་རིམ་དང་ཐོན་སྐྱེད་ཀྱི་ཐད་ནས་བཤད་ན་་སོ་སོའི་ཕ་སྐད་ནང་མི་ཚིག་མ་འདྲ་བ་མང་པོ་ཞིག་ཡོད་ཀྱང་། ནུབ་ཕྱོགས་པའི་སྤྱི་ཚོགས་ནང་འཐག་བསླས་ཀྱི་རིག་གནས་དེ་བྱ་བའི་ཡུལ་གྱི་དངོས་པོ་ལ་འབོད་ཀྱི་ཡོད་ཀྱང་། དཔེར་ན་དེའི་རྒྱུ་ཆ་རྩིས་ཤིང་ག་རེ་ནས་བཏོག་དགོས་མེད་དང་། ལོ་གཅིག་གི་ནང་དུས་ཚིགས་ག་དུས་ལ་ཡག་བ་ཡོད་མེད་སོགས་བལྟ་དགོས་པ་མང་པོ་ཞིག་ཡོད་པས་བྱེད་ལས་དང་། རྒྱུ་ཆ། ཐོན་སྐྱེད་ཀྱི་རྣམ་གྲངས་ཆ་ནས་མིང་མང་པོ་ཞིག་ཡོད་སྐོར་གསུངས་འདུག
འཐག་བསླས་རིག་གནས་ནི་སྤྱི་ཚོགས་རང་བཞིན་གྱི་འགོ་འཛུགས་བརྒྱུད་རིམ་ཞིག་ཆགས་ཡོད།
ལྕམ་ཇོན་སོན་ Ms Johnson ལགས་ཀྱིས་མི་རབས་མ་འདྲ་བ་མཉམ་གཅིག་ཏུ་བསྡད་ནས་ཕན་ཚུན་རིག་གནས་ཀྱི་ཤེས་བྱ་སློབ་སྦྱོང་དང་། སྤེལ་རེས་ཁྲོད་མི་ཚོས་འཐག་བསླས་ཀྱི་བྱ་བཞག་སྒྲུབ་དགོས་དོན་ག་རེ་ཡིན་མིན་དང་། མུ་མཐུད་མ་འོངས་པའི་མི་རབས་རྣམས་ལ་འཐག་བསླས་ཀྱི་རིག་གནས་ངོ་སྤྲོད་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་འདུག
ཁོ་མོས་འཐག་བསླས་ཀྱི་རིག་གནས་སྐོར་ཁྱེད་རང་གིས་བསླས་སྟངས་དང་དེའི་བརྒྱུད་རིམ་ཁོ་ན་ཙམ་མ་ཡིན་པར། གལ་ཆེ་ཤོས་ནི་རྒྱུ་ཆ་ག་རེའི་སྒོ་ནས་བསླས་དགོས་མིན་དང་། འཐག་བསླས་ཀྱི་ལམ་ནས་ཐོན་སྐྱེད་བྱས་པའི་ཅ་དངོས་དེ་དག་གི་མཚོན་དོན་དང་དགོས་པ་ག་རེ་ཡིན་མིན། ཁྱེད་རང་གིས་ཐོན་བསྐྱེད་བྱས་པའི་ཅ་དངོས་དེ་ག་རེའི་ཆེད་དུ་ཡིན་མིན། དེ་བེད་སྤྱོད་ཚད་ལྡན་གང་འདྲ་བྱེད་ནས་གཏོང་དགོས་མིན། ད་དུང་དེ་དང་དེ་འདྲའི་གནད་དོན་གལ་ཆེན་མང་པོ་ཞིག་ཚུད་ཡོད་སྐོར་བརྗོད་འདུག
འཐག་བསླས་ཀྱིས་མི་མི་འདྲ་བར་ཅ་དངོས་མི་འདྲ་བར་དགོས་མཁོ་མཚོན་གྱི་ཡོད།
ནིའུ་སའོ་ཐི་ཝལ་མངའ་སྡེའི་ས་གནས་ Newcastle གནས་མཁར་གསར་གནས་སྡོད་བྱེད་མཁན་ལཱ་ཁེ་རུ་སལ་ Luke Russell ལགས་ནི་ཨོ་སི་ཊོ་ལི་ཡའི་གདོད་མིའི་མི་རིགས་ཀྱི་ནང་གསེས་ Worimi ཀྱི་རིག་གནས་རྒྱུད་འཛིན་པ་ཞིག་རེད།
ཁོང་གིས་ཡབ་མེས་ནས་བརྒྱུད་པའི་རིག་གནས་ཤིང་གྲུ་དང་། ཉ་རྒྱ་སོགས་ལག་ཆ་གཞན་དག་བཟོ་སྟངས་བརྒྱུད་འཛིན་དང་བརྒྱུད་སྤེལ་བྱེད་བཞིན་ཡོད།
ཁོང་གིས་ང་ལ་མཚོན་ནས་ངས་ཐག་པ་བསླས་པ་དང་། གཙོ་བོར་ང་ཚོའི་སྐྱེས་པ་ཚོའི་བེད་སྤྱོད་བྱེད་བཞིན་པའི་ལག་ཆ་ཚང་མ་བཟོ་བསྐྲུན་བྱེད་བཞིན་ཡོད། ང་ཚོས་འཐག་བསླས་ཀྱི་ཐོན་རྫས་དེ་ཚོས་གྲུ་གཟེངས་སྲུང་སྐྱོབ་བྱེད་པའི་ནུས་པ་གལ་ཆེན་ལྡན་ཡོད། མ་ཚད་ང་ཚོའི་འཐག་བསླས་ཀྱི་ཐོན་རྫས་དེ་ཚོ་ཉ་འཛིང་སོགས་ལས་དོན་མང་པོ་ཞིག་ལ་དགོས་མཁོ་ཆེ་བ་དང་ནུས་པ་ཆེན་པོ་ལྡན་ཡོད་ཅེས་གསུངས་འདུག