འདི་ནས་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་དང་ཡང་ན་མི་རིགས་དང་པོ་རྣམས་ཀྱི་ཚོགས་སྡེ་ལ་རྒྱབ་སྐྱོར་གནང་སྟངས་སྐོར་ལ་འགྲེལ་བརྗོད་བྱས་ཡོད།
ཨོ་སི་ཊོ་ལི་ཡའི་འགྲིག་མཐུན་ཚོགས་པ་ Reconciliation Australia ཞེས་པ་དེའི་སྤྱི་ཁྱབ་འགན་འཛིན་བྷུན་ཇཱ་ལུང་ Bundjalung ལགས་ཀྱིས་ཨོ་སི་ཊོ་ལི་ཡིའི་མི་རིགས་དང་པོ་རྣམས་ལ་རྒྱབ་སྐྱོར་གནང་སྟངས་སྐོར་ལ་འགྲེལ་བརྗོད་གནང་དོན།
ཁོ་མོས་ཐོག་མར་ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་ནང་ཨོ་སི་ཊོ་ལི་ཡའི་མི་རིགས་དང་པོ་དེ་ཚོ་དང་ཨོ་སི་ཊོ་ལི་ཡའི་མི་མང་གཞན་རྣམས་ཀྱི་གནས་སྟངས་དང་། འབྲེལ་བ་དེ་ཚོ་ཧ་གོ་རྒྱུ་གལ་ཆེན་པོ་རེད། དེ་དང་ཆབས་ཅིག་འདས་པའི་ལོ་རྒྱུ་ཤེས་རྟོགས་དང་དེའི་ཐོག་ནས་ཕན་ཚུན་འབྲེལ་འདྲིས་ཡོང་གི་ཡོད། ཁྱེད་རང་ཉེ་ཆར་རང་ཨོ་སི་ཊོ་ལི་ཡར་གསར་དུ་འབྱོར་བའི་གཞིས་སྤོ་བ་ཞིག་ཡིན་ཡང་གལ་སྲིད་ཁྱེད་རང་ཨོ་སི་ཊོ་ལི་ཡའི་མི་རིགས་དང་པོ་དེ་ཚོ་དང་འབྲེལ་བ་དམ་ཟབ་བཟོ་འདོད་ཡོད་ཚེ། ཁོང་ཚོའི་འཚོ་བ་གནས་སྟངས་དང་ཉམས་མྱོངས་རྒྱུས་ལོན་བྱེད་དགོས་པ་དང་དེའི་ཐོག་ནས་ཕན་ཚུན་འབྲེལ་འདྲིས་བྱེད་པའི་འགོ་འཛུགས་ཐབས་ལམ་ཡག་ཤོས་དེ་རེད་ཅེས་གསུངས་འདུག
ཁོ་མོས་ཕན་ཚུན་འབྲེལ་འདྲིས་ཤུགས་ཆེ་རུ་གཏོང་བའི་རྒྱུས་རིམ་ནི་མི་དང་ལུང་པར་འབྲེལ་བ་མཐུད་རྒྱུ་དེ་རེད་ཅེས་གསུངས་འདུག
ཐོག་མར་འབྲེལ་འདྲིས་འགོ་འཛུགས་བྱེད་པར་གནད་དོན་གལ་ཆེ་ཤོས་ཤིག་ནི་ཁྱེད་རང་གནས་སྡོད་བྱེད་སའི་སྤྱི་ཚོགས་དེའི་ནང་ས་གནས་ཀྱི་རིག་གཞུང་བདག་པོ་དེ་སུ་ཡིན་མིན་ཤེས་རྟོགས་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ཡང་རྒྱུས་ལོན་བྱེད་པར་ས་གནས་མ་རིགས་དང་པོ་ཚོའི་ཚོགས་སྡེ་དང་། ས་གནས་གྲོང་སྡེ་ལྷན་ཁང་སོགས་བརྒྱུད་ས་གནས་ཀྱི་སྤྱི་གླིང་གི་མངི་དང་། སྐད་ཡིག ལོ་རྒྱུས་ནང་ས་གནས་སུ་གནས་ཚུལ་ག་རེ་འབྱུང་མྱོངས་ཡོད་མེད་སོགས་རིམ་བཞིན་རྒྱུས་ལོན་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཀྱི་ནང་གསེས་ཡོར་ཊ་ཡོར་ཊ་ Yorta Yorta ཡི་བུད་མེད་ཌོ་ཊར་སུ་མར་མའེ་ཧྥིན་ལའེ་ Dr Summer May Finlay ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་མ་ཡིན་པ་དེ་ཚོ་སོ་སོ་ལའང་གོ་རྟོགས་སྤེལ་རྒྱུ་གལ་ཆེན་ཆགས་ཡོད་པ་རེད་ཅེས་གསུངས་འདུག
མི་རིགས་དང་པོ་རྣམས་ལ་རྒྱབ་སྐྱོར་བྱེད་པར་རྒྱབ་སྐྱོང་གནང་མཁན་ཁོང་ཚོ་སོ་སོ་ལའང་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་ཆགས་ཡོད། གལ་སྲིད་ང་ཚོས་མི་ཚང་མ་ལ་གོ་རྟོགས་སྤེལ་བ་ཡིན་ན་གཞན་ང་ཚོས་བྱེད་དགོས་པ་གང་ཡང་ལྷག་མེད། ཨོ་སི་ཊོ་ལི་ཡའི་ས་གནས་མངའ་སྡེ་སོ་སོའི་ནང་གོ་རྟོགས་སྤེལ་རྒྱུ་གལ་ཆེན་ཡིན་སྐོར་ངས་འགྲེལ་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་ཅེས་གསུངས་འདུག
ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཀྱི་ནང་གསེས་གྷ་མེ་ལར་རའེ་ Gamilaraay ཡི་མི་ལུ་ཀེ་ཕིར་སོན་ Luke Pearson ལགས་ནི་གདོད་མའི་མི་རིགས་ཀྱི་ Indigenous X ཞེས་གདོད་མའི་མི་རིགས་ཀྱི་དུས་སྟོན་སྣ་ཚོགས་དང་གདོད་མའི་མི་རིགས་ཀྱི་གནས་དོན་གླེང་སའི་འབོད་སྒྲ་གླེངས་སྟེགས་དེ་གསར་བཟོ་གནང་མཁན་ཞིག་རེད།
ཁོང་གིས་ང་ཚོས་ལོ་རྒྱུས་མ་སྦྱོང་སྔོན་ལ་ཐོག་མར་ང་ཚོས་མི་ཚང་མ་འདྲ་མཉམ་ཡིན་པའི་ལྟ་ཚུལ་བཟུང་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་འདུག
གལ་སྲིད་ཁྱེད་རང་ཆེ་མཐོང་དང་། གུས་ཞབས། མཛའ་བརྩེ་ལ་དགའ་ཞེན་ཡོད་པའི་སྤྱི་ཚོགས་ཤིག་ནས་ཡོང་མཁན་ཞིག་ཡིན་ན་མི་ཚང་མ་གཞི་རྩ་འདྲ་མཉམ་ཡིན་པའི་ལྟ་ཚུལ་ཡོང་གི་རེད། ང་ཚོ་རིག་གཞུང་གི་ཐོག་ནས་མ་འདྲ་བ་ག་རེ་ཡོད་ཀྱང་དེས་གནོད་སྐྱོན་གྱི་ཤུགས་རྐྱེན་གང་ཡང་ཐེབས་ཀྱི་མ་རེད། ཡིན་ན་ཡང་གལ་སྲིད་དེ་འདྲ་ཞིག་མེད་པ་ཡིན་ན་ཁྱེད་རང་གི་རྒྱུས་ལོན་དང་། ཉམས་མྱོངས་གང་འདྲ་ཞིག་བྱུང་ཡང་རྟགས་པར་རིགས་རྒྱུད་འཐེན་འཁྱེར་གྱི་གནས་སྟངས་དེ་ཡོང་གི་རེད་ཅེས་གསུངས་འདུག