གདོད་མའི་མི་རིགས་ཀྱི་ལམ་ལུགས་དེ་ཨོ་སི་ཁྲུ་ལི་ཡའི་མི་ཚང་མར་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་ག་རེ་ཡིན་ནམ།

Young Adult Indigenous Australian
Woman Dancing

Indigenous cultural protocols are based on ethical principles. Source: iStockphoto / chameleonseye/Getty Images/iStockphoto

ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་དང་ཊོ་རེ་སི་མཚོ་འགག་གླིང་ཕྲན་སྟེང་གི་ཡུལ་མིའི་རིག་གཞུང་གི་འགྲོ་ལུགས་ལ་བརྩི་འཇོག་བྱེད་པ་ནི། ང་ཚོ་ཚང་མ་གནས་སྡོད་བྱེད་སའི་ས་གཞི་དང་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རྣམས་ཀྱི་སྐོར་ལ་གོ་རྟོགས་དང་གུས་བཀུར་བྱེད་པའི་གོམ་པ་གལ་ཆེན་ཞིག་རེད།


Key Points
  • Cultural etiquettes have been observed by First Australians for thousands of years. 
  • Aboriginal Elders are respected community members who possess and can share deep cultural knowledge. 
  • Don't be afraid to ask questions about protocols, as long as you are respectful. 
  • Using appropriate and sensitive language is a simple way to show respect. 
གདོད་མའི་སྡོད་དམངས་ཀྱི་རིག་གཞུང་གི་འགྲོ་ལུགས་ནི་ཀུན་སྤྱོད་ཀྱི་རྩ་འཛིན་གཞི་ལ་བཞག་ནས་ང་ཚོས་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་དང་ཊོ་རེ་སི་མཚོ་འགག་གླིང་ཕྲན་གྱི་མི་མང་གི་དབར་གྱི་ལས་དོན་དང་སྒེར་གྱི་འབྲེལ་བའི་རྣམ་པ་གཏན་འབེབས་བྱེད། འབྲེལ་བ་འདི་དག་རྒྱུན་སྲིང་བྱེད་པ་ནི་གལ་ཆེ་ཤོས་ཤིག་ཆགས་ཡོད། རྒྱུ་མཚན་ནི་ཁོང་ཚོ་ནི་ཨོ་སི་ཁྲུ་ལི་ཡའི་གདོད་མའི་སྡོད་མི་རིགས་དང་པོ་དེ་ཡིན་པས་རེད། ཁོང་ཚོར་ས་གཞིའི་སྐོར་གྱི་རྒྱུས་མངའ་ཟབ་མོ་ཡོད་པ་དང་། ང་ཚོའི་ཁོར་ཡུག་ལ་བདག་སྐྱོང་བྱེད་ཚུལ་སློབ་ཐུབ་ཀྱི་ཡོད།

ཁོ་རོ་ལེའེ་ཧུའེ་སི་ Caroline Hughes ནི་ནན་ནོ་ཝོལ་ས་གནས་ཀྱི་རྒན་རབས་པ་ཞིག་ཡིན། ཁོང་ནི་གདོད་མའི་མི་རིགས་ཀྱི་རྒན་རབས་པ་ཞིག་ཡིན་པའི་ཆ་ནས། རིག་གནས་ཀྱི་ཤེས་བྱ་ཟབ་མོ་ལ་བརྟེན་ནས་ཀུན་གྱིས་ཁོང་ལ་ཆེ་མཐོང་ཆེན་པོ་བྱེད་ཀྱིན་ཡོད། ཁོང་གིས་ང་ཚོར་གནའ་སྔ་མོའི་དུས་ནས་དར་བའི་དད་མོས་ཀྱི་ལམ་ལུགས་དང་རིག་གཞུང་གི་ཆོ་ག་ཡོད། དེ་ནི་དེང་གི་ཨོ་སི་ཁྲུ་ལི་ཡའི་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་ད་དུང་ཡང་གནས་ཡོད་པ་རེད། ང་ཚོས་རིག་གཞུང་གི་ཆོ་ག་ལ་བརྩི་བཀུར་བྱས་ན། གདོད་མའི་སྡོད་དམངས་དང་ཁོང་ཚོའི་གནའ་བོའི་ལག་ལེན་གྱི་དབར་གྱི་འབྲེལ་བ་རྒྱུན་ཆད་མེད་པ་དེ་ངོས་ཟིན་ཐུབ་ཅེས་གསུངས་འདུག
གདོད་མའི་མི་རིགས་ཀྱི་རིག་གཞུང་མུ་མཐུད་དུ་རྒྱུན་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་མཁན་ནི་ SBS ལས་ཁུངས་ཀྱི་ལས་བྱེད་རྒན་པ་རོ་ཌ་རོ་པེ་ཊིས་ Rhoda Roberts ཡིན།

ཁོ་མོས་"ང་ཚོས་བསྐལ་པ་མང་པོའི་རིང་ལ་ངག་རྒྱུན་གྱི་གཏམ་རྒྱུད་དང་། ལམ་ལུགས། ཆོ་ག་བཅས་རྒྱུན་བསྐྱངས་ནས་ཡོང་བ་རེད། ང་ཚོ་ནི་འགྱུར་མེད་ཀྱི་མི་རིགས་ཤིག་མིན་ཡང་། ང་ཚོའི་གཞི་རྩའི་ལྟ་བ་དང་ལྟ་གྲུབ་ནི་ང་ཚོའི་ས་གཞི་དང་། མཚོ་ཁུག་ཆུ་ཡུར། མཁའ་དབྱིངས་བཅས་ཀྱི་རྒྱལ་ཁབ་ལ་དོ་ཁུར་བྱེད་ཀྱི་ཡོད་"པ་རེད་ཅེས་གསུངས་འདུག
AC Milan v AS Roma
Aboriginal dancers perform during the welcome to country before the friendly between AC Milan and AS Roma at Optus Stadium on May 31, 2024 in Perth, Australia. Credit: Paul Kane/Getty Images

ང་ཚོས་ཨོ་སི་ཁྲུ་ལི་ཡའི་མི་རྒྱུད་དང་པོ་ལ་ཇི་ལྟར་འགྲེལ་བཤད་བྱེད་དགོས་སམ།

ཁོ་རོ་ལེའེ་ཧུའེ་སི་ Caroline Hughes ལགས་ཀྱིས་ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླིང་གྱི་མི་རྣམས་ནི་ཨོ་སི་ཁྲུ་ལི་ཡའི་ཁྱོན་དུ་འོས་ཤིང་འཚམ་པའི་མི་རིགས་ཡིན་པ་དང་། མི་ཚོས་ཁོང་ཚོ་ས་གནས་གང་ནས་ཡིན་མིན་ཡང་ངོས་འཛིན་ཡོད། དཔེར་ན་ཨ་བྷོ་རི་ཇི་ནལ་གྱི་ནང་གསེར་ཀོ་རེ་ Koori ནི་ཁོང་ཚོ་ནིའུ་སའོ་ཐི་ཝལ་མངའ་སྡེ་དང་ཝི་ཊོ་རི་ཡ་མངའ་སྡེ་ནས་ཡིན་པ་དང་། ཡང་མུ་རའེ་ Murray མི་རིགས་ནི་ཁུན་སི་ལན་ཌི་དང་ཏཱ་སི་མ་ནིང་ཨའི་ས་གནས་པཱ་ལཱ་ཝ་ Palawa ནས་རེད། ང་ལ་ནཱ་ནཱ་ཝལ་ Ngunnawal གྱི་བུད་མེད་ཅེས་འབོད་ཀྱི་ཡོད་གང་ཡིན་ཟེར་ནི་དེ་ནི་ངའི་ལུས་པ་རེད་ཅེས་གསུངས་འདུག
My Country is my language group and my tribal group, and that tells other Aboriginal people where I come from.
Caroline Hughes

གདོད་མ་ཡུལ་མིའི་མི་རིགས་མི་འདྲ་བ་གཉིས།

ཊོར་སི་མཚོ་འགག་གླིང་ཕྲན་པ་རྣམས་ནི་ཁེབ་ཡོག་གླིང་ཟུར་དང་ཕ་ཕི་ཡ་གྷོ་ནེ་གསར་པའི་བར་གྱི་གླིང་ཕྲན་དག་གི་གདོད་མའི་སྡོད་དམངས་ཡིན་ཞིང་། ཁོ་ཚོའི་ཕལ་ཆེ་བ་མེ་ལཱ་ནེ་ཤི་ཡའི་མི་རྒྱུད་ཡིན།
ཐོ་མ་སི་མའེ་ཡོ་ Thomas Mayo ནི་ཊོ་རེ་སི་མཚོ་འགག་གླིང་ཕྲན་ནས་ཡིན་པ་དང་ཨོ་སི་ཁྲུ་ལི་ཡའི་མཚོ་གླིང་མཐུན་ཚོགས་ཀྱི་རྒྱལ་ཡོངས་དྲུང་ཡིག་གཞོན་པ་ཡིན། ཁོང་གིས་གདོད་མའི་གཞིས་ཆགས་ཡུལ་མིའི་མི་རིགས་ནི་སྣེ་ཁ་མང་ཞིང་རྒྱ་ཆེ་བ་ཞིག་ཡིན་ཞེས་གསུངས་འདུག

ཁོང་གིས་གདོད་མའི་སྡོད་དམངས་ཀྱི་རིག་གནས་ཀུན་ལ་ཅུང་ཟད་མི་འདྲ་བའི་ཁྱད་པར་ཡོད་མོད། འོན་ཀྱང་གླིང་ཕྲན་བདག་པོའི་མི་རིགས་དང་གདོད་མའི་སྡོད་དམངས་ཀྱི་རིག་གནས་ཀྱི་བར་དུ་ཁྱད་པར་མངོན་གསལ་དོད་པོ་ཞིག་ཡོད་པ་ནི། གླིང་ཕྲན་བདག་པོའི་མི་རིགས་ནི་གདོད་མའི་སྡོད་དམངས་ཀྱི་མི་རིགས་གཞན་ཞིག་ཏུ་ངོས་འཛིན་བྱེད་འདོད་པ་དེ་རེད་ཅེས་གསུངས་འདུག
Both the Aboriginal and Torres Strait Islander flags are flown alongside the Australian national flag to acknowledge these distinct Indigenous peoples.
Both the Aboriginal and Torres Strait Islander flags are flown alongside the Australian national flag Source: AAP / AAP Image/Mick Tsikas

གུས་ཞབས་ལྡན་པའི་ཐོག་ནས་སྐད་ཡིག་སྤྱོད་པ།

ས་སྐྱེས་རྡོ་སྐྱེས་ཀྱི་མི། གདོད་མའི་སྡོད་དམངས་ཀྱི་མི། ཊོར་རེ་སི་གྲུ་འབྲེལ་མཚོ་འགྲམ་གྱི་གླིང་ཕྲན་པ་བཅས་ནི་མིང་ཚིག་ཡང་དག་ཡིན་པས་ཡིག་ཆེན་གྱིས་མཚོན་གྱི་ཡོད། ཚིག་ཉུང་ངུ་བཟོས་ན་ཧ་ཅང་ཕོག་ཐུག་གཏོང་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཁོང་ཚོས་ང་ཚོས་ནམ་ཡང་ཚིག་ཉུང་ངུ་བཟོ་ཡི་མེད། ང་ཚོ་ནི་ཚིག་ཉུང་ངུ་མིན་པར་དམིགས་བསལ་གྱིས་ཚིག་ཉུང་ངུ་བཟོ་ཡི་ཡོད། ཚིག་ཉུང་ངུ་བཟོས་ན་ང་ཚོའི་སེམས་ལ་ན་ཟུག་གཏོང་མཁན་ཞིག་ཆགས་ཀྱི་རེད་ཅེས་གསུང་འདུག

མི་རབས་རྒན་པ་དེ་ཚོ་སུ་རེད་དམ།

རྒན་པ་ཚོ་ནི་རིག་གཞུང་གི་ཤེས་བྱ་ཟབ་མོ་ལྡན་པའི་ཡུལ་སྡེའི་ཁོངས་མི་ལ་བརྩི་བཀུར་བྱེད་ཡུལ་ཡིན་པས་ཁོང་ཚོར་ཨ་ནེ་དང་ཨ་ཁུ་ཞེས་འབོད་ཀྱི་ཡོད། གཉིས་པ་ནི། གདོད་མའི་སྡོད་དམངས་མ་ཡིན་པའི་མི་རྣམས་ཀྱིས་ཐོག་མར་མིང་དེ་ཚོ་བེད་སྤྱོད་བྱེད་ཆོག་མིན་འདྲི་འོས།

ཡུལ་ལ་ཕེབས་བསུ་ཞུ་བའི་མཛད་སྒོ་ནི་དུས་རྒྱུན་དུ་དོན་དག་ཅིག་འབྱུང་སའི་ཡུལ་དེའི་རྒན་རབས་པ་ཚོས་གནང་གི་ཡོད།

ལུང་པ་འདིར་ཕེབས་པར་དགའ་བསུ་ཞུ་ཞེས་པ་དེ་ག་ེ་ཡིན་ནམ།

རོ་དྷ་རོ་པེ་ཏེ་ཡིས་ཕྱི་ལོ ༡༩༨༠ ནང་གསར་གཏོད་བྱས་པའི་རྒྱལ་ཁབ་ལ་དགའ་བསུ་ཞུ་བའི་ལུགས་སྲོལ་ནི་འདས་ཟིན་པའི་དོན་དག་ཅིག་གི་ཐོག་ལ་དགའ་བསུ་ཞུ་བའི་ལུགས་སྲོལ་ཞིག་ཡིན། དེ་ནི་གཏམ་བཤད་བྱེད་པ་དང་། ཞབས་བྲོ་འཁྲབ་པ། ཐ་མག་འཐེན་པ་སོགས་གང་ཡིན་ཡང་ཆོག

དེ་བཞིན་དུ། རྒྱལ་ཁབ་ཀྱི་ངོས་འཛིན་ཞེས་པ་ནི། གལ་ཆེའི་འདུ་འཛོམས་ཀྱི་སྐབས་སུ་སྤྲོད་པའི་དགའ་བསུ་ཞུ་བའི་བྱེད་སྒོ་ཞིག་ཡིན་ལ། རོ་དྷ་རོ་བྷིར་ཋི་ཡིས་བཤད་པ་ལྟར་ན། མི་སུས་ཀྱང་བྱེད་ཆོག་པ་ཞིག་ཡིན།

ངོས་ལེན་ཞེས་པ་ནི་རང་ཉིད་ས་ཆ་དེ་ནས་ཡོང་བ་མིན་ཡང་། ས་ཆ་དེར་ལས་ཀ་བྱེད་ས་དང་སྡོད་ས་དེ་ས་ཆ་དེ་མིན་ཡང་། རང་ཉིད་ད་དུང་ས་ཆ་དེར་གཏོགས་ཤིང་། ས་ཆ་སྲུང་སྐྱོབ་བྱེད་མཁན་་ཚོ་དང་རྒན་པ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་ངོས་ལེན་བྱེད་རྒྱུ་དེ་རེད།
An Indigenous performer participates in a smoking ceremony.
An Indigenous performer participates in a smoking ceremony. Source: Getty / Cameron Spencer/Getty Images

མི་རིགས་པའི་ཚིག་སྨྲ་བ།

ཁོ་རོ་ལེའེ་ཧུའེ་སི་ Caroline Hughes ལགས་ཀྱིས་བཙན་གྱིས་ཕྲུ་གུ་ཕྱིར་འབུད་བྱེད་པའི་ལོ་རྒྱུས་ཀྱི་དཀའ་ངལ་དེས་ཕྲུ་གུའི་རྒྱབ་ལྗོངས་ཀྱི་སྐོར་ལ་དྲི་བ་འདྲི་བའི་སྐབས་སུ་ལན་འདེབས་བྱེད་ཚུལ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅེས་གསུངས་འདུག ཁོ་མོས་"ང་ཚོའི་བྱིས་པ་རྣམས་ང་ཚོའི་རིག་གཞུང་གི་ཁྲོད་ནས་འཚར་ལོངས་བྱུང་བ་དང་། རིག་གཞུང་འདི་ནི་ང་ཚོར་མཚོན་ན་ཤིན་ཏུ་དམིགས་བསལ་བ་ཞིག་ཡིན་པས། བརྒྱ་ཆ་དང་ཐ་ན་མིའི་པགས་པ་དང་། མིག་འབྲས། སྐྲའི་ཁ་དོག་སོགས་ཀྱི་སྐོར་གླེང་བ་ནི་ཤིན་ཏུ་མི་འཚམ་པ་ཞིག་རེད། མི་རིགས་དཀར་པོའི་སྤྱི་ཚོགས་དང་། ཡང་ན་གདོད་མའི་སྡོད་དམངས་མ་ཡིན་པའི་སྤྱི་ཚོགས་ཀྱིས་བྱིས་པ་འདི་ཚོ་ཁས་མི་ལེན། འོན་ཀྱང་། གདོད་མའི་སྡོད་དམངས་ཀྱི་རིག་གཞུང་གི་ཁྲོད་ནས་བྱིས་པ་འདི་ཚོ་ནི་འཇིག་རྟེན་ལས་འདས་པའི་རྣམ་ཤེས་ཤིག་གིས་ང་ཚོའི་ཁྱིམ་ཚང་དང་ཚོགས་སྡེ་ལ་ལེགས་སྐྱེས་སུ་ཕུལ་བ་ཞིག་ཡིན་ཞིང་། ང་ཚོས་རྟག་ཏུ་ཁོ་ཚོ་དང་ལེན་བྱེད་ཀྱི་ཡོད་"ཅེས་གསུངས་འདུག

རྒྱུས་ལོན་ལས་གུས་ཞབས་མང་དུ་ཕོབ་པ།

ལྕམ་ཐོ་མཱ་སི་མཱ་ཡོ་ Thomas Mayo ལགས་ཀྱིས་ཚུལ་མཐུན་གྱི་སྒོ་ནས་གུས་ཞབས་ལྡན་པའི་ཡུལ་ཞིག་ནས་ཡོང་བ་ཡིན་ན། ལམ་ལུགས་ཀྱི་སྐོར་ལ་དྲི་བ་འདྲི་བར་ཞེད་སྣང་སྐྱེ་མི་དགོས་ཞེས་གསུངས་འདུག ཁོང་གིས་གལ་ཆེ་ཤོས་ནི་གཞན་གྱི་འགྲེལ་བརྗོད་ལེགས་པར་ཉན་ནས་དང་ལེན་གྱིས་གུས་ཞབས་ལྡན་པ་ཞིག་བྱ་རྒྱུ་དེ་རེད་"ཅེས་གསུངས་འདུག

ཡང་ལྕམ་མཱ་ཡོ་ Mr Mayo ལགས་ཀྱིས་ད་དུང་སྐད་ཡིག་མང་པོའི་ནང་དུ་འགྲེམས་སྤེལ་བྱས་པའི་ཨུ་ལུ་རུ་སྙིང་གཏམ་ཞེས་པ་དེ་བཀླགས་ནས་དེའི་གྲོས་འཆར་ལ་རྒྱབ་སྐྱོར་བྱེད་དགོས་པའི་བསམ་ཚུལ་བཏོན་ཡོད།

SBS ཡི་མི་རབས་རྒན་པས་ང་ཚོར་དྲན་གསོ་གཏོང་དོན་ལ་འགྲོ་ལུགས་ནི་རྩ་བའི་ཆ་ནས་རང་གི་སྤུན་ཟླ་འགྲོ་བ་མི་ཡིན་པར་ངོས་འཛིན་གུས་ཞབས་བྱ་རྒྱུ་དེ་རེད་ཅེས་གསུངས་འདུག
It’s about kindness and compassion, but at the end of the day I always say it’s just good manners.
Rhoda Roberts
This content was first published in May 2022.

Share