གདོད་མའི་མི་རིགས་དང་ཡུལ་སྐོར་གྱི་ཤུགས་རྐྱེན།

Karrke Aboriginal Cultural Tour, Watarrka, NT

Karrke Aboriginal Cultural Tour, Watarrka, NT Credit: Archie Sartracom /Tourism Australia

ཁྱེད་རང་གིས་ཨོ་སི་ཁྲུ་ལི་ཡའི་ནང་ངོ་མཚར་ཆེ་བའི་འགྲུལ་བཞུད་བྱེད་ས་ཞིག་འཚོལ་གྱི་ཡོད་དམ། ཨོ་སི་ཁྲུ་ལི་ཡའི་ནང་རི་ཁུལ་དང་། རྒྱ་མཚོ་འགྲམ། ཟ་མ། སྒྱུ་རྩལ། ཡང་ན་རྒྱས་སྤྲོས་བྱེད་ས་སོགས་ཡུལ་སྐོར་དང་འགྲུལ་བཞུད་བྱེད་ས་ཕུན་སུམ་ཚོགས་པ་ཡོད། དེ་ལས་ངོ་མཚར་ཆེ་བ་ཞིག་ནི་ཨོ་སི་ཁྲུ་ལི་ཡའི་མི་རིགས་དང་པོ་ཚོའི་རིག་གནས་དང་འཚོ་བ། ཡུལ་སྲོལ་གོམས་གཤིས་སོགས་རྒྱུས་ལོན་དང་། མྱུར་ཞིབ་བྱེད་སའི་ཡུལ་སྐོར་དང་འགྲུལ་བཞུད་ལྟེ་གནས་མང་པོ་ཞིག་ཡོད། སྐབས་དེར་ཁྱེད་རང་གིས་མཐོང་ཐོས་དང་ཉམས་མྱོང་གཏིང་ཟབ་ཏུ་གཏོང་བ་མ་ཟད། མི་རིགས་དང་པོའི་སྤྱི་ཚོགས་ལ་རིག་གནས་དང་དཔལ་འབྱོར་གྱི་གོ་སྐབས་འཕེལ་རྒྱས་གཏོང་བར་རོགས་རམ་ཡང་ཆགས་ཀྱི་ཡོད།


ཨོ་སི་ཁྲུ་ལི་ཡ་ཡུལ་སྐོར་ལས་ཁུངས་ Tourism Australia ཀྱིས་ད་ལྟའི་ཆར་གདོད་མའི་མི་རིགས་ཀྱི་སྡོད་ཁུལ་དུ་ཡུལ་སྐོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པར་ངོས་འཛིན་བྱས།

ནེ་ཀོ་ལེ་མེ་ཤལ་ Nicole Mitchell ལགས་ཀྱིས་ཡུལ་སྐོར་བ་རྣམས་དེང་སང་གདོད་མའི་མི་རིགས་སྡོད་ཁུལ་དུ་འགྲོ་བསྐྱོད་བྱེད་འདོད་ཆེན་པོ་འདུག་ཅེས་འགྲེལ་བརྗོད་གནང་འདུག ཁོ་མོ་ནི་ ADE ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་རྟོགས་ཞིབ་ཉམས་མྱོང་ཞེས་པའི་ཚོགས་པ་དེའི་འགན་འཛིན་ཞིག་རེད།

ཁོ་མོས་ཕྱི་ལོ་ ༢༠༢༣ ལོར་ཡུལ་སྐོར་བ་ ༩༦༩༠༠༠ ཨོ་སི་ཁྲུ་ལི་ཡའི་ནང་ཡུལ་སྐོར་སྤྲོ་འཆམ་བྱེད་སྐབས་ <<གདོད་མའི་མི་རིགས་རྒྱུས་ལོན་ཡུལ་སྐོར་>>ཞེས་པའི་ལས་རིམ་ནང་མཉམ་ཞུགས་བྱས་འདུག་ཅེས་འགྲེལ་བརྗོད་གནང་འདུག 

ཕྱི་ལོ་ ༢༠༡༩ ནས་ ༢༠༢༣ བར་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་བརྒྱ་ཆ་ ༢༢ ཡར་འཕར་ཡོད་པ་དང་། དེས་རྒྱལ་ནང་དུ་གདོད་མའི་མི་རིགས་རྒྱུས་ལོན་ཡུལ་སྐོར་ནང་མཉམ་ཞུགས་བྱེད་མཁན་ཁྱོན་ཡུལ་སྐོར་བ་མི་གྲངས་ ས་ཡ་ ༡་༡༡༨༥ ཆགས་ཡོད་འདུག

ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་རྟོགས་ཞིབ་ཉམས་མྱོང་ ADE ཞེས་པའི་ཚོགས་པ་དེའི་ལས་རིམ་ནང་ཡུལ་སྐོར་མཉམ་ཞུགས་བྱེད་སྐབས། ཡུལ་སྐོར་སྣེ་ཤན་བྱེད་མཁན་གདོད་མའི་མི་རིགས་ཨེ་བྷོ་རི་ཇེ་ནལ་དང་ཡང་ཐོ་རི་སི་གླིང་ཕྲན་གྱི་མི་རྣམས་ཀྱིས་སྣེ་འཁྲིད་ངོ་སྤྲོད་བྱེད་བཞིན་ཡོད་འདུག

Jarramali Rock Art Tour
Jarramali Rock Art Tour Credit: The Edit Suite/Tourism Australia

ལོ་རྒྱུས་བདག་པོ་རྒྱག་པ་དང་ལོ་རྒྱུས་གླེང་བ།

གདོད་མའི་མི་རིགས་ནང་གསེས་ཀུ་ཀུ་ཡཱ་ལན་ཇི་ Kuku Yalanji ཡི་མི་རིགས་ཡིནཔའི་ཇན་ཝལ་ཁར་ཁུན་སི་ལན་ཌི་བྱང་ཕྱོགས་སུ་གདོད་མའི་མི་རིགས་ཀྱི་རིག་གནས་རྒྱུས་ལོན་གནང་བཞིན་ཡོད་འདུག

ཁོང་གིས་ངའི་བསམས་པར་གལ་སྲིད་ཁྱེད་རང་གིས་གདོད་མའི་མི་རིགས་ཨ་བྷོ་རི་ཇི་ནལ་གྱི་རིག་གནས་དང་ལོ་རྒྱུས་ཤེས་རྟོགས་བྱ་འདོད་ཡོད་ཚེ། གལ་ཆེ་ཤོས་ནི་ཨ་བྷོ་རི་ཇི་ནལ་མི་རྣམས་ཀྱི་རྩ་ནས་ལོ་རྒྱུས་ཉན་པ་དང་། ཨ་བྷོ་རི་ཇི་ནལ་གྱི་མི་རྣམས་འཚོ་གནས་བྱས་དང་བྱེད་བཞིན་པའི་ས་གཞི་དང་རྒྱ་མཚོ་ངོས་སུ་འགྲུལ་བཞུད་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

No better way than from learning from the oldest living cultures that have occupied those areas since the beginning.
Juan Walker, Walkabout Culture Adventures
 སྐུ་ཞབས་ཝལ་ཁར་ Mr Walker གྱིས་ཡུལ་སྐོར་བ་རྣམས་ཁྲིད་ནས་ཌོག་ལེ་སི་གྲུ་ཁའི་ཉེ་འགྲམ་གྱི་ལོ་ངོ་ས་ཡ་ ༡༣༥ ཙམ་གྱི་ལོ་རྒྱུས་ཡོད་པའི་མཛེས་སྡུག་ལྡན་པའི་ཌེན་ཊི་རི་ཆར་ཆུའི་ནགས་ཚལ་གྱི་སྐོར་ལ་རྒྱུས་ལོན་དང་ངོ་སྤྲོད་བྱེད་བཞིན་ཡོད་འདུག

ཁོང་གིས་སྐྱེ་ཁམས་མ་ལག་རིགས་མི་འདྲ་བ་དང་། ས་གནས་ཀྱི་ལོ་རྒྱུས། སྲོལ་རྒྱུན་རིག་གནས། རང་བྱུང་ཐོན་ཁུངས་བཅས་ཀྱི་སྐོར་ཕན་ཚུན་ངོ་སྤྲོད་དང་བསམ་ཚུལ་བརྗེ་རེས་བྱེད་བཞིན་ཡོད་པས་མ་ཚད། ཁོང་གིས་ཡུལ་སྐོར་བ་རྣམས་ལ་ས་གནས་ཀྱི་ཤིང་ནམས་ཁྲོད་ཀྱི་ཟས་རིགས་ཀྱི་བྲོ་བ་མྱོང་བར་སྐུལ་འདེད་གཏོང་གི་ཡོད་འདུག

ཟས་རིགས་བརྒྱུད་ནས་ཡུལ་སྐོར་བ་རྣམས་ལ་ཡུལ་ལུང་ངོ་སྤྲོད་བྱ་རྒྱུ་གལ་ཆེན་ཆགས་ཡོད་པ་རེད།

གདོད་མའི་མི་རིགས་ཀྱི་ཟས་རིགས་ནི་དོན་དངོས་སུ་ཡུལ་སྐོར་བ་རྣམས་ལ་འདྲེན་པའི་ཟས་རིགས་ཀྱི་ཐོ་གཞུང་ནང་དང་པོ་འཁོད་ཡོད་པ་དང་། ཤིང་ནག་ཁྲོད་ནས་སྐྱེས་བཞིན་པའི་ཟས་རིགས་ནི་བྲོ་བ་དང་རོ་བཅུད་མ་འདྲ་བ་དང་གདོད་མའི་མི་རིགས་རྣམས་ཀྱིས་ཟས་རིགས་གཡོས་སྦྱོར་གྱི་རྒྱུ་ཆ་གཙོ་བོ་ཡིན།

tourismAustraliaN.jpg
Tourism Australia recognises the growing interest in First Nations tourism as travellers seek out authentic and culturally immersive experiences.
ང་ཚོའི་ཡུལ་ལྗོངས་ཀྱི་གཏམ་རྒྱུད་སྒོ་ཕྱེ་བ།

ཨོ་སི་ཁྲུ་ལི་ཡ་རྒྱལ་ནང་དུ་ཡུལ་སྐོར་སྤྲོ་འཆམ་སྐབས་འགྲུལ་བཞུད་ཐབས་ལམ་སྣ་ཚོགས་ཡོད་པ་དང་། གྲུ་གཟིངས་ནང་སྐོར་བསྐྱོད་དང་། རླངས་འཁོར་དང་། གནམ་གྲུར་སོགས་ཀྱི་ནང་འགྲུལ་བཞུད་ལྗོངས་རྒྱུ་བྱེད་ཆོག ཡུལ་སྐོར་ས་ཚིགས་སུ་སྡོད་གནས་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཡོད།

ང་ཚོའི་རྒྱལ་ཁབ་ཀྱི་སྤྱི་གླིང་ཁག་ཅིག་ནང་ཡོད་པའི་ལོ་རྒྱུས་རྡོ་རིང་དེ་དག་ནི་འཛམ་གླིང་ནང་རྡོ་རིང་རྙིང་ཤོས་གྲས་ཡིན། རྡོ་རིང་ཁག་ཅིག་ལོ་ངོ་ ༢༠༠༠༠ ཙམ་གྱི་ལོ་རྒྱུས་ཡོད། གདོད་མའི་མི་རིགས་ཡུལ་སྐོར་སྣེ་ཤན་པ་ཁག་ཅིག་གིས་ལོ་རྒྱུས་དེ་དག་འགྲེལ་བརྗོད་དང་གསེལ་བཀྲོལ་བྱེད་ཐུབ་ཀྱི་ཡོད།

རིག་གནས་ལ་ཟུག་པའི་མྱོང་ཚོར།

ལྕམ་ Ms Mitchell མེ་ཤལ་ལགས་ཀྱིས་རྒྱུན་དུ་ཡུལ་སྐོར་བ་ཚོས་རྣ་ནས་ཉན་པ་ལས་ཀྱང་དངོས་སུ་ས་གནས་སུ་ཡུལ་སྐོར་བྱས་ཚེ་ཉམས་མྱོངས་དང་ཤེས་རྟོགས་མང་བ་ཡོང་གི་ཡོད་སྐོར་བརྗོད་འདུག

You can be doing an art class, or you can be on the back of a quad bike on the sand dunes up in the Warami area north of Sydney, and you're learning about culture.
Nicole Mitchell, Discover Aboriginal Experiences
མཛའ་བརྩེ་ལྡན་པའི་གདོད་མའི་མི་རིགས་ཡུལ་སྐོར་སྣེ་ཤན་པ་ཚོས་ཡུལ་སྐོར་སྣེ་ཁྲིད་དང་འགྲེལ་བརྗོད་དེས་ཨོ་སི་ཁྲུ་ལི་ཡའི་གནའ་བོའི་རིག་གནས་ལ་གསོན་ཤུགས་སྤྲོད་པ་དང་། མ་ཚད་ཁྱེད་ཀྱི་དྲན་ཤེས་ནང་དུས་གཏན་དུ་གནས་པར་བྱེད་ཀྱི་ཡོད།

ggca-experiences-signature-aboriginal-experience-1.jpg
Great Golf Courses of Australia aboriginal experience
འཛམ་གླིང་གནའ་ཤུལ་སྲུང་སྐྱོབ་ཐོ་གཞུང་ནང་ཚུད་ཡོད་པའི་ཨོ་སི་ཁྲུ་ལི་ཡའི་བྱང་ཁུལ་མངའ་སྡེའི་ནང་ཁཱ་ཁཱ་དྷུ་རྒྱལ་ཡོངས་སྤྱི་གླིང་ Kakadu National Park ནང་ཡོད་པའི་བྲག་རྡོ་བརྐོས་རིས་སྒྱུར་རྩལ་ཁག་ཅིག་ནི་སྒྱུ་རྩལ་ཚད་མཐོ་ཤོས་གྲས་སླེབས་ཀྱི་ཡོད།

མ་ཚད་ནུབ་ཕྱོགས་མངའ་སྡེའི་ནང་ལའང་རི་ཆུ་དང་། ཤིང་ནག རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས། གཞན་ཡང་བྲག་རྡོ་སྒྱུར་རྩལ་པར་རིས་སོགས་ཡ་མཚན་ཆེ་བའི་རིག་གནས་མང་པོ་ཞིག་མིག་གིས་ལོངས་སུ་སྤྱོད་རྒྱུ་ཡོད་པ་རེད།

ད་དུང་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཡོད་པའི་གནའ་ཤུལ་རིག་པས་འཛམ་གླིང་ཤུལ་བཞག་ཐོ་གཞུང་ནང་བཙུད་པའི་མཚོ་མུན་གྷོ་ Mungo རྒྱལ་ཁབ་ཀྱི་སྤྱི་གླིང་ནང་དུ་འདྲེའི་ཡུལ་ལྗོངས་སོགས་ཡ་མཚན་ཆེ་བའི་ས་གཞིའི་བཀོད་པ་ངོ་མཚར་ཆེ་བ་མང་པོ་ཡོད།

Selfie Aboriginal Woman
As a First Nations Storyteller, Bundjalung man Kyle Ivey guides visitors on a climb of the Sydney Harbour Bridge as part of the Burrawa Aboriginal Climb Experience. Credit: davidf/Getty Images
ཡུལ་སྐོར་སྤྲོ་འཆམ་ལས་ས་གནས་མི་མང་ལ་ཁེ་ཕན་ཐོབ་པ།

གདོད་མའི་མི་རིགས་ཀྱིས་སྣེ་ཁྲིད་པའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ས་གནས་སུ་འགྲུལ་བཞུད་གཅིག་པུ་མིན་པར། ས་གནས་མི་མང་གི་འཚོ་བ་དང་རིག་གནས་ལའང་རྒྱབ་སྐྱོར་ཆེན་པོ་ཆགས་ཀྱི་ཡོད།

མ་རུ་ཀུ་སྒྱུ་རྩལ་ཁང་ Maruku Arts ལ་ཨོ་སི་ཁྲུ་ལི་ཡའི་དབུས་ཕྱོགས་ཀྱི་ཐག་རིང་ས་ཁུལ་ནས་ཡིན་པའི་སྒྱུ་རྩལ་པ་ ༩༠༠ ཙམ་ཡོད། ས་གནས་ཀྱི་མི་ཚོས་ཁོང་ཚོའི་སྒྱུ་རྩལ་བཙོང་བ་དང་། ལས་རིམ་དང་རིག་གནས་ཀྱི་ཡུལ་སྐོར་སྤེལ་བ། འཚོ་བ་ངོ་སྤྲོད་སོགས་ཁེན་ཕན་མང་པོ་ཞིག་སྒྲུབ་ཐུབ་ཀྱི་ཡོད་པ་རེད།

ཁོང་ཚོས་ས་གནས་ཀྱི་སྐད་ Pitjantjara ཟེར་བ་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་དང་། སྒྱུ་རྩལ་ཁང་དེ་ལས་ཁོང་ཚོས་ཁོང་ཚོ་རང་ཉིད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་པར་ཕན་ཐོགས་ཆགས་ཀྱི་ཡོད། ལྕམ་མེ་ཤལ་ལགས་ཀྱིས་ཁོང་ཚོ་གྲགས་ཆེ་བའི་ཚེག་ཚེག་ཚོན་བྲིས་ dot-painting ཟབ་སྦྱོང་སྤྲོད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག

ཇོན་ཝལ་ཁར་ Juan Walker ལགས་ཀྱིས་རིག་གནས་ཡུལ་སྐོར་སྐབས་སུ་ཡུལ་སྐོར་བ་རྣམས་ལ་གདོད་མའི་མི་རིགས་ཨ་བྷེ་རི་ཇི་ནལ་གྱི་ལོ་རྒྱུས་དང་། སོ་སོ་རང་ཉིད་ཀྱི་ནང་མི་སྐོར་ངོ་སྤྲོད་འགྲེལ་བརྗོད་བྱེད་ཆོག་ལ། དེ་ཚོ་ད་ལྟ་མུ་མཐུད་ལུང་པའི་གནས་གསོན་གནས་བྱས་ཡོད་ཅེས་གསུངས་འདུག
A tour guide walked through the safety precautions of hiking into Kata Tjuta near a tent
Petermann, Northern Territoty / Australia - December 8, 2019: A tour guide walked through the safety precautions of hiking into Kata Tjuta near a tent Credit: alanlim97/Getty Images
གདོད་མའི་མི་རིགས་སྐོར་མངམ་ཙམ་ཤེས་རྟོགས་བྱེད་པར་གཤམ་གྱི་དྲ་ཐག་འདི་ནས་གཟིགས།
ཁྱེད་རང་ལ་དྲི་བ་དང་བརྗོད་གཞི་སྐོར་བསམ་ཚུལ་ཡོད་ན། གློག་འཕྲིན་ཁ་བྱང་ འདི་ཐོག་ལ་གཏོང་གནང་རོགས་། 

Share