ཨོ་སི་ཊོ་ལི་ཡའི་ནང་གྱོན་གོས་ཆུད་ཟོས་སུ་གཏོང་བཞིན་པར་འགོག་ཐབས།

Combatting Australia’s clothing waste crisis.jpg

ཨོ་སི་ཊོ་ལི་ཡའི་མི་རྣམས་ཀྱིས་ལོ་ལྟར་གྱོན་གོས་ཏུན་འབུམ་གཉིས་ ༢༠༠་༠༠༠ ཙམ་ས་ཐོག་ཏུ་གཡུག་བཞིན་ཡོད་པས། དེས་ཆ་སྙོམ་མི་རེར་གྱོན་གོས་ཀི་ལོ་ ༡༠ རེ་ཆགས་ཀྱི་ཡོད། གལ་སྲིད་ཁྱེད་རང་གིས་དགོས་མཁོ་མེད་པའི་གྱོན་གོན་དེ་དག་བསྐྱར་སྤྱོད་དང་། ཞལ་འདེབས། ཡང་ན་གྱོན་གོས་བརྗེ་ལེན་སོགས་ཀྱི་ཐབས་ལམ་བདམས་ཚེ། ང་ཚོས་ཨོ་སི་ཊོ་ལི་ཡའི་ནང་གྱོན་གོས་བེད་མེད་ཆུད་ཟོས་སུ་གཏོང་བཞིན་པའི་གནས་སྟངས་ལས་རོགས་རམ་བྱེད་ཐུབ།


དར་སྲོལ་ཆེ་བའི་གྱོན་གོན་བཟོ་ལས་ཁང་ནི་འབག་བཙོན་ཆེས་ཆེ་ཤོས་བཟོ་མཁན་ཞིག་ཡིན། ཨོ་སི་ཊོ་ལི་ཡའི་དར་སྲོལ་ཆེ་བའི་གྱོན་གོས་ཀྱི་བདེ་དོན་ལྷན་ཁང་གིས་སྙན་ཐོར་ལྟར་ན། ང་ཚོས་མི་རེས་ཆ་སྙོམ་ལོ་རེར་གྱོན་གོས་གསར་པ་གྲངས་ ༥༦ རེ་ཉོ་བཞིན་ཡོད་འདུག

ང་ཚོས་གྱོན་གོས་རྣམས་གད་སྙིགས་དང་ས་ཐོག་ཏུ་གཡུག་པ་དང་ཡང་ན་གྱོན་གོས་ཞལ་འདེབས་རྒྱག་ས་དང་། གྱོ་གོས་བསྐྱར་སྤྱོད་ལྟེ་གནས་སོགས་ལ་བསྐྱལ་རྒྱུ་ནི་ང་ཚོའི་འགན་འཁུར་ལ་རག་ལུས་ཡོད་པ་རེད།

རེ་བྷེ་ཁཱ་གྷེ་ལིན་ Rebecca Gilling ལགས་ནི་ Planet Ark ཞེས་པའི་ཁོར་ཡུག་སྲུང་སྐྱོབ་ཐེབས་རྩ་ཁང་གི་འགན་འཛིན་ཞིག་རེད། ཁོ་མོས་གྱོན་གོས་རྣམས་གད་སྙིགས་བསྐྱར་སྤྱོད་སྙིགས་ཟོམ་ནང་གཡུག་པ་ནི་ཐབས་ལམ་ཡག་པོ་ཞིག་མ་རེད་ཅེས་གསུངས་འདུག

ཁོ་མོས་གྱོན་གོས་དང་། ལྷམ།  རས་གོས་དང་ཡང་ན་ཨ་ཅོག་སོགས་རས་ཆ་གང་ཡང་རུང་བ་ལམ་འགྲམ་དུ་བཞག་ཡོད་པའི་གད་སྙིགས་བླུག་སྣོད་ནང་གཡུག་མི་རུང་། ལམ་འགྲམ་དུ་བཞག་ཡོད་པའི་གད་སྙིགས་བླུག་སྣོད་དེ་ཚོ་ནི་ཤོག་བུ་དང་། པང་ལེབ། ཅ་དངོས་ཐུམ་སོགས་བླུག་བྱེད་རེད། རས་དང་གྱོན་གོས་རིགས་གད་སྙིགས་བླུག་སྣོད་དེ་ཚོའི་ནང་ཕྱིན་ཚེ་འགྲིག་གི་མེད་ལ་དེ་ཚོའི་རིགས་བསྐྱར་སྤྱོད་བྱེད་མི་ཐུབ་ཅེས་གསུངས་འདུག

སྟབས་ལེགས་པ་ཞིག་ལ་ད་དུང་བདམ་ག་གཞན་དག་ཀྱང་ཡོད་པ་རེད། ཁྱེད་རང་གིས་དྲ་ཐོག་ནས་གྱོན་གོས་བསྡུ་རུབ་བྱེད་མཁན་མངག་ཆོག་ལ། ད་དུང་ཚོགས་པ་དང་ཚོང་ལས་ཁང་དེ་འདྲས་ཁྱེད་རང་ལ་དགོས་མཁོ་མེད་པའི་གྱོན་གོས་རྣམས་བསྐྱར་སྤྱོད་བྱེད་ས་དང་སྐྱེལ་ས་དེ་འདྲ་བཀོད་སྒྲིག་བྱེད་བཞིན་ཡོད།

མ་ཚད་བདམ་ག་གཞན་ཞིག་ནི་ཁྱེད་རང་གི་གྱོན་གོས་དེ་དག་དགེ་རྩ་ཚོགས་པ་དེ་འདྲ་ཞལ་འདེབས་རྒྱག་རྒྱུར་བསམ་བློ་གཏོང་དགོས། ཁྱེད་རང་གི་གོན་གོས་རྣམས་དགེ་རྩ་ཚོགས་པ་དང་། ཚོགས་པའི་ཚོང་ཁང་དེ་འདྲ་བསྐྱལ་ཚེ་རིན་པ་གང་ཡང་སྤྲོད་མི་དགོས་ལ། ཁོང་ཚོས་ད་དུང་ས་གནས་སོ་སོར་དགེ་རྩའི་གྱོན་གོས་བླུག་སྣོད་དེ་འདྲ་ཡང་གོ་སྒྲིག་བྱས་ཡོད།

ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་སུ་དགེ་རྩ་ཚོགས་པའི་ཚོང་ཁང་དེ་ཚོས་ཞལ་འདེབས་བརྒྱབ་པའི་གྱོན་གོས་རྣམས་གཙོང་ནས་ཨོ་སྒོར་ཐེར་འབུམ་གཅིག་ཙམ་རིན་འབབ་ཡོང་གི་ཡོད་པ་རེད།

ལྕམ་གྷ་ལི་ལགས་ཀྱིས་ང་ཚོས་དོ་སྣང་ཡག་པོ་སྤྲོད་དགོས་པ་ཞིག་ལ་ཕན་ཐོགས་རྩ་ནས་མེད་པའི་གྱོན་གོས་དེ་ཚོ་ཞལ་འདེབས་རྒྱག་སར་སྐྱེལ་མི་རུང་ཞེས་གསུངས་འདུག

ང་ཚོས་དགེ་རྩ་ཚོགས་པ་དེ་ཚོར་གྱོན་གོས་རལ་ཚར་བ་དང་དུས་ཚོད་རྦད་དེ་ཡོལ་ཚར་བ་དེ་འདྲ་ཞལ་འདེབས་ལ་སྐྱེལ་མི་རུང་། གང་ཡིན་ཟེར་ན། ཁོང་ཚོས་ཀྱང་ཕན་ཐོགས་རྩ་ནས་མེད་པའི་གྱོན་གོས་དེ་ཚོ་གད་སྙིགས་གཡུག་སར་སྐྱེལ་དགོས་ཀྱི་ཡོད་པ་རེད། དགེ་རྩ་ཚོགས་པའི་ཚོང་ཁང་ Op Shop དེ་ཚོས་ལོ་ལྟར་ཨོ་སྒོར་ས་ཡ་  ༡༣ ཙམ་འགྲོ་སོང་བཏང་ནས་གྱོན་གོས་ཕན་མེད་དེ་ཚོ་གད་སྙིགས་གཡུག་སར་སྐྱེལ་བཞིན་ཡོད་པ་དང་།  ཁོང་ཚོས་ཕན་ཐོགས་མེད་པའི་གྱོན་གོས་ཏུན་ཁྲི་དྲུག་ ༦༠་༠༠༠ ཙམ་གད་སྙིགས་གཡུག་སའི་ས་ཐོག་ཏུ་སྐྱེལ་བཞིན་ཡོད་པ་རེད་ཅེས་གསུངས་འདུག

ཨོ་མར་སོ་ཁར་ Omer Soker echoes ལགས་ནི་ཨོ་སི་ཊོ་ལི་ཡའི་དགེ་རྩ་ཚོགས་པ་ Charitable Recycling Australia ཞེས་པའི་ཚོགས་པ་དེ་ནི་སྤྱི་ཁྱབ་འགན་འཛིན་ཞིག་རེད། ཁོང་གིས་ང་ཚོས་གྱོན་གོས་ལྷག་མ་དེ་ཚོ་དགེ་རྩ་ཚོགས་པ་དང་ཡང་ན་གད་སྙིགས་བླུག་ས་གང་དུ་སྐྱེལ་དགོས་མིན་ཞིབ་ནན་ཞིག་བལྟ་དགོས་པ་རེད་ཅེས་གསུངས་འདུག

ཁོང་གིས་གྱོན་གོས་ཞལ་འདེབས་རྒྱག་སྐབས་རྒྱུས་སྤུས་ཡག་པོ་དགོས་རྒྱུ་གལ་ཆེན་པོ་རེད། དཔེར་ན་གལ་སྲིད་གྱོན་གོས་དེ་ཁྱེད་རང་གི་གྲོགས་པོ་གྲོགས་མོ་ཞིག་ལ་སྤྲད་ན་མི་རུང་བ་ཞིག་ཡིན་ན་དགེ་རྩ་ཚོགས་པ་ལ་ཡང་མ་སྤྲད་རོགས། ང་ཚོས་རལ་ཚར་བ་དང་ཧ་ཅང་རྙིང་པ་དེ་འདྲ་བླངས་ཐུབ་ཀྱི་མེད། གལ་སྲིད་ཁྱེད་རང་གིས་གྲོགས་པོ་ཞིག་ལ་རྔན་པ་དང་ཞལ་འདེབས་སྤྲད་འོས་པ་ཞིག་ཡོད་ན་ང་ཚོས་དགའ་པོ་ཐོག་ནས་དང་ལེན་ཞུ་བཞིན་ཡོད་པས་ཅ་དངོས་དེ་ཁྱིམ་ཚང་བཟང་པོ་ཞིག་ལ་འཕྲོད་ཐབས་བྱེད་ཀྱི་རེད་ཅེས་གསུངས་འདུག

ཁྱེད་རང་གི་དགེ་རྩ་ཚོགས་པའི་ཚོང་ཁང་མང་པོ་ཞིག་མཐོང་ཐུབ་དཔེར་ན་དགེ་རྩ་ཚོགས་པའི་ཚོང་ཁང་མིང་ལ་ Salvos དང་ Vinnies དང་དུང་ཨོ་སི་ཊོ་ལི་ཡའི་རྒྱ་གྲམ་དམར་པོ་མཐུན་ཚོགས་ Australian Red Cross ཕྲུ་གུ་སྲུང་སྐྱོབ་ཚོགས་པ། Save the Children, Lifeline, Anglicare and Brotherhood of St Laurence སོགས་ཚོང་ཁང་དེ་ག་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་སུ་གྲོང་དང་གྲོང་ཁྱེར་ཕལ་ཆེར་བའི་ནང་མཐོང་རྒྱུ་ཡོད། དགེ་རྩ་ཚོགས་པའི་ཚོང་ཁང་ཁྱེད་རང་གནས་སྡོད་བྱེད་སའི་ཉེ་འགྲམ་དུ་ཡོད་མེད་དྲ་ཚིགས་ charitablerecycling.org.au ཐོག་ལ་གཟིགས།

གལ་སྲིད་ཁྱེད་རང་་དགོས་མཁོ་མེད་པའི་གྱོན་གོས་རྣམས་གྲོགས་པོ་གྲོགས་མོར་སྤྲད་པའམ་ཞལ་འདེབས་རྒྱག་འདོད་མེད་ཚེ། བདམ་ག་གཞན་ཞིག་ནི་གད་སྙིགས་བསྐྱར་སྤྱོད་ recycling ལྟེ་གནས་ལ་བསྐྱལ་རྒྱུ་དེ་རེད། གད་སྙིགས་བསྐྱར་སྤྱོད་ལྟེ་གནས་ཁྱེད་རང་སྡོད་སའི་ཉེ་འགྲམ་དུ་ཡོད་མེད་དྲ་ཚིགས་ recyclingnearyou.com.au ཐོག་ལ་གཟིགས། མ་ཚད་ཁྱེད་རང་སྡོད་སའི་ས་གནས་གྲོང་སྡེ་ལྷན་ཁང་གིས་ཀྱང་ཁྱེད་རང་ལ་དགོས་མཁོ་མེད་པའི་གྱོན་གོས་ལྷག་མ་རྣམས་གཡུག་སའི་མཐུན་རྐྱེན་དེ་འདྲ་བསྐྲུན་ཡོད་སྲིད།

གལ་སྲིད་ཁྱེད་རང་གི་སྒོར་མོ་གྲོན་ཆུང་དང་གྱོན་གོས་བརྗེ་པོ་རྒྱག་འདོད་ཚེ་གྱོན་གོས་བརྗེ་རེས་ཀྱི་དུས་སྟོན་དེ་འདྲ་ཡོད་པ་རེད། མ་ཚད་ཚོང་ལས་ཁང་དང་། ཚོགས་སྡེ་ཁག ས་གནས་གྲོང་སྡེ་ལྷན་ཁང་ཁག་ནས་ཀྱང་གྱོན་གོས་བརྗེ་རེས་ཀྱི་དུས་སྟོན་དེ་འདྲ་ཡང་གོ་སྒྲིག་བྱེད་བཞིན་ཡོད། ཨ་ཌམ་ཝོ་ལིན་ Adam Worling ལགས་ནི་སིཌ་ནིང་གྲོང་ཁྱེར་ནང་འཚོ་བ་ལམ་སྟོན་པ་ཞིག་རེད།

ཁོང་གིས་སིཌ་ནིང་ནང་གྱོན་གོས་བརྗེ་རེས་དེ་འདྲ་བྱེད་བཞིན་ཡོད་པས་དེ་ནི་མི་རྣམས་ལ་མཚོན་ན་གོ་སྐབས་ཧ་ཅང་ཡག་པོ་ཞིག་རེད། མི་ཚོས་གྱོན་གོས་དེ་ཁྱེད་རང་ལ་ཆེ་ཆུང་ཏག་ཏག་མ་བསྡད་པའམ་དགའ་མོས་བརླག་པ་སོགས་བྱུང་ཚེ། ཁྱེད་རང་གི་གྱོན་གོས་དེ་གྱོན་གོས་གཞན་དང་བརྗེ་ཆོག དཔེར་ན་ཁྱེད་རང་ལ་འདོད་མོས་མེད་པའི་གྱོན་གོས་གྲངས་ ༥ ཡོད་ཚེ་གྱོན་གོས་གཞན་དག་གྲངས་ ༥ དང་བརྗེ་པོ་རྒྱག་ཆོག་གི་ཡོད་པ་རེད་ཅེས་གསུངས་འདུག

གྱོན་གོས་བརྗེ་པོ་རྒྱག་པའི་དུས་སྟོན་དང་ས་གནས་དུས་ཚོད་སོགས་ཁྱེད་རང་གིས་དྲ་ཚིགས་ clothingexchange.com.au ཐོག་ཞིབ་འཇུག་བྱེད་ཆོག

Share