གདོད་མའི་མི་རིགས་ཀྱི་སྲོལ་རྒྱུན་གྱི་སྨན་བཅོས་སྐོར་ཤེས་རྟོགས་དང་གུས་ཞབས་བྱེད་དགོས།

ཨོ་སི་ཁྲུ་ལི་ཡའི་གདོད་མིའི་མི་རིགས་ཨ་བྷོ་རི་ཇི་ནལ་ Aboriginal དང་ཊོ་རི་སི་གླིང་ཕྲན་གྱི་མི་Torres Strait Islander རྣམས་ལོ་ངོ་སྟོང་ཕྲག་རིང་གསོན་གནས་ཐུབ་པ་དང་། རྒྱུན་དུ་འཆམ་མཐུ་གྱི་འཚོ་གནས་ཐུབ་པའི་རྒྱུན་མཚན་ནི་ཁོང་ཚོར་སོ་སོའི་ལུང་པར་སྲུང་སྐྱོབ་བྱེད་པའི་ཤེས་བྱ་གཏིང་ཟབ་ཡོད་པས་རེད།

The Traditional_meds_AusExpl_Social_1080x1350_LongLeftAligned_Blue.png
དེ་དག་གི་ཁོངས་སུ་གདོད་མའི་མི་རིགས་ཀྱི་གསོ་རིག་ལག་ལེན་ཡང་ཚུད་ཡོད། དེ་ནི་དངོས་ཡོད་དང་བསམ་བློའི་དབར་གྱི་སྣེ་མང་རྙོག་འཛིང་ལྡན་པའི་བསྲེས་སྦྱོར་ཞིག་ཡིན། ལེ་ཚན་འདིའི་ནང་ང་ཚོས་གདོད་མའི་སྡོད་དམངས་ཀྱི་སྲོལ་རྒྱུན་གསོ་རིག་ལ་གོ་རྟོགས་དང་བརྩི་བཀུར་བྱེད་ཚུལ་དེས་དེང་གི་འཕྲོད་བསྟེན་ལྟ་སྐྱོང་གི་སྒྲིག་འཛུགས་ནང་ཕན་ནུས་ལྡན་པ་དང་ཀུན་འདུས་ཀྱི་རང་བཞིན་གོང་མཐོར་གཏོང་བའི་ཐད་ལ་རིན་ཐང་ཆེ་བའི་ཤེས་བྱ་ཇི་ལྟར་མཁོ་སྤྲོད་བྱེད་ཚུལ་གྱི་ཐད་ལ་ཞིབ་ཏུ་དཔྱད་པ་གཏོང་རྒྱུ་ཡིན།

འཛམ་གླིང་གི་མི་རིགས་དང་པོ་ཚོར་མཚོན་ན། བདེ་ཐང་གི་ནང་དུ་ནད་རིགས་མེད་པ་ཙམ་ལས་ལྷག་པའི་ལུས་དང་། མྱོང་ཚོར། སྤྱི་ཚོགས། ཆོས་ལུགས་བཅས་ཀྱི་བདེ་ཐབས་ཀྱི་ཆ་རྣམས་ཕན་ཚུན་སྣོལ་མར་བསྡེབས་པའི་སྤྱི་ཡོངས་ཀྱི་ལྟ་བ་ཞིག་འདུས་ཡོད།

རྒྱུ་མཚན་དེའི་ཕྱིར། གནའ་བོའི་གསོ་བ་རིག་པའི་གཞུང་དུ་ལུས་ཀྱི་ན་ཚ་བཅོས་ཐབས་ཁོ་ན་གཙོ་བོར་བཟུང་བ་ཞིག་མིན་པར། བདེ་ཐབས་ཀྱི་ཆ་ཤས་སྣ་ཚོགས་ཀྱི་བར་ལ་སྙོམས་སྒྲིག་བྱེད་པའི་ཐབས་ཀྱང་འཚོལ་གྱི་ཡོད།

སྨན་པ་ཨ་ལན་གྷེལ་ Dr Alana Gall ནི་ལུ་ཁྲུ་ཝེ་ཐའི་བྱང་ཤར་མཚོ་འགྲམ་ནས་ཡིན་པའི་བུད་མེད་ཅིག་དང་། ལྷོ་ཕྱོགས་ཀྱི་མཚམས་སྦྱོར་མཐོ་སློབ་ནས་རང་བྱུང་གསོ་རིག་ཐོག་ཆེད་སྦྱོང་བྱས་རྗེས་ཀྱི་ཞིབ་འཇུག་པ་ཞིག་ཡིན།

ཁོ་མོས་སྲོལ་རྒྱུན་གྱི་སྨན་ནི་རྒྱུན་དུ་ཁོང་མོའི་འཚོ་བའི་ཆ་ཤས་ཤིག་ཆགས་ཡོད་སྐོར་གསུངས་འདུག

ཁོ་མོས་ངོས་ལ་མཚོན་ན། སྲོལ་རྒྱུན་གྱི་གསོ་བ་རིག་པ་ནི་ཆུང་དུས་ནས་བཟུང་སྤྲོ་སྣང་ལྡན་པའི་ལས་ཀ་ཞིག་ཡིན། ཕ་ཡུལ་དུ་ང་ཚོས་རྒྱུན་དུ་རང་བྱུང་གི་སྨན་དང་དེ་འདྲའི་རིགས་མི་འདྲ་བ་བེད་སྤྱོད་གཏོང་གི་ཡོད། ང་རང་གི་ཨ་ཕ་ཡང་རྒྱུན་དུ་རྔོན་རྒྱག་པ་དང་ཉམས་ལེན་མི་འདྲ་བ་བྱེད་དུ་འགྲོ་ཡི་མེད། དེར་བརྟེན། ཆོ་ག་དང་ཆོས་ལུགས་ཀྱི་ཉམས་ལེན་མི་འདྲ་བ་རྣམས་ནི་ང་རང་གི་མི་ཚེའི་ཆ་ཤས་ཆེན་པོ་ཞིག་ཡིན་ཞེས་གསུངས་འདུག

མི་མང་པོས་སྲོལ་རྒྱུན་གྱི་སྨན་རྫས་ལ་"ཤིང་ནགས་སྨན་རྫས་"ཞེས་འབོད་ཀྱི་ཡོད། འོན་ཀྱང་སྨན་པ་གྷལ་གྱིས་འདི་ཧ་ཅང་གཏན་འཁེལ་མིན་ཞེས་བརྗོད་ཡོད།

ཤིང་ནག་ Bush ནི་ཨོ་སི་ཁྲུ་ལི་ཡའི་ས་ཆའི་རིགས་ཤིག་ཡིན་པ་དང་། ཡོད་ཚད་ཤིང་ནགས་ནས་ཡོང་བ་མ་རེད། དེར་བརྟེན་ངས་ཐ་སྙད་དེ་ཡོད་པ་ཤེས་ཀྱི་ཡོད། ངས་བསམ་ན་དེ་ཡག་པོ་འདུག མི་ཚོས་དེ་བེད་སྤྱོད་གཏོང་ཐུབ། ངས་ལུས་པོའི་སྨན་ཞེས་འབོད་པ་དེ་དབུགས་འབྱིན་རྔུབ་ཀྱི་སྨན་དང་། ཡིན་ནའང་ང་ཚོའི་སྨན་རྫས་དེ་དངོས་གནས་དེ་ལས་མང་བ་རེད།

དེ་ལ་གཟུགས་པོའི་སྨན་རྫས་ཡོད་ཀྱང་། ཁྱེད་ལ་ང་ཚོའི་ས་གནས་ཀྱི་ཟ་མ་ཡང་སྨན་རྫས་ལྟར་ཡོད། འོན་ཀྱང་དེ་འཚོ་བཅུད་ཀྱི་ཆེད་དུ་མ་ཡིན་པར་འཕྲོད་བསྟེན་གྱི་ཁྱད་ཆོས་དམིགས་བསལ་ལ་བེད་སྤྱོད་བྱེད་ཀྱི་ཡོད། དེ་ལྟར་ན་དེ་ཡང་སྨན་བཅོས་ཡིན། ང་ཚོ་ལ་གསོ་བའི་མཛད་སྒོ་དང་། ཆོས་ལུགས་ཀྱི་སྨན་བཅོས། སྲོལ་རྒྱུན་གྱི་གསོ་བཅོས་མཁན། དེར་བརྟེན། ང་ཚོ་ལ་སྨན་གྱི་ཡུལ་ལུང་ཀྱང་ཡོད། ཡིན་ནའང་དེ་དག་ཚང་མར་རྒྱབ་སྐྱོར་བྱེད་པ་ནི་ད་ལྟ་མི་ཚོས་སྤྱིར་བཏང་བཤད་བཞིན་པ་དེ་ཡིན་ཞེས་གསུངས་འདུག

སྨན་པ་གྷེལ་གྱིས་ཨ་རིའི་སྨན་བཅོས་ལྷན་ཚོགས་ཀྱིས་གསར་སྤེལ་བྱས་པའི་ཁ་སྐོང་དང་གཅིག་སྒྲིལ་གྱི་གསོ་རིག་ཞེས་པའི་ནང་། གདོད་མའི་སྡོད་དམངས་གསོ་རིག་གི་འགན་འཛིན་ཐེ་བའི་མི་མང་གི་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་ལ་ཞབས་འདེགས་ཞུ་བཞིན་ཡོད། ཁོ་མོས་ སྲོལ་རྒྱུན་གྱི་གསོ་བ་རིག་པ་ནི་དཔེ་མཚོན་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད།

ང་ཚོས་འཇིག་རྟེན་འདི་ལ་ཇི་ལྟར་བསམ་བློ་གཏོང་དགོས་སམ་ཞེ་ན། ང་ཚོའི་འཇིག་རྟེན་ལྟ་ཚུལ་ནི་ཆ་ཤས་སོ་སོར་ཁ་ཁར་འབྱེད་རྒྱུ་མེད་པའི་ཆ་ཤས་སྣ་ཚོགས་ཀྱིས་གྲུབ་པའི་སྤྱི་གཟུགས་ཤིག་ཡིན་པས། ངས་དེ་ནི་གསོ་བ་རིག་པའི་གཞུང་ལུགས་ཀྱི་དཔེ་མཚོན་ཁྱད་པར་བ་ཞིག་ཏུ་འདོད་ཀྱི་ཡོད། ཐ་ན་དེང་དུས་ཀྱི་གསོ་བ་རིག་པའི་མཚན་ཉིད་ཀྱི་ངོས་ནས་བཤད་ནའང་། ཆ་ཤས་ཐམས་ཅད་ཚང་ཡོད། དེར་བརྟེན་མི་ཚོས་ཨོ། འདི་ནི་འདི་ཙམ་རེད། འདི་ནི་འདི་ཙམ་རེད། ཅེས་བཤད་ན། ཁོ་ཚོས་གསོ་བ་རིག་པའི་གཞུང་ལུགས་ཧྲིལ་པོའི་རྙོག་འཛིང་རང་བཞིན་དེ་ཉུང་དུ་གཏོང་གི་ཡོད་ཅེས་གསུངས་འདུག

སྨན་པ་གྷལ་གྱི་སྲོལ་རྒྱུན་གསོ་རིག་ལ་བཅངས་པའི་སྤྲོ་སེམས་དེ། སྲོལ་རྒྱུན་གྱི་ཤེས་བྱ་འདི་སྲུང་སྐྱོབ་བྱེད་མཁན་མེད་པ་ཤེས་རྟོགས་བྱུང་བས་སྔར་ལས་ཇེ་ཆེར་གྱུར།

དངོས་ཡོད་གནས་ལུགས་ཀྱི་ཤེས་བྱ་ལ་སྲུང་སྐྱོབ་མེད་པ་ཞིག་མིན། དེར་བརྟེན་ང་ཚོས་ཤེས་བྱ་དེ་གཞན་ལ་རང་དབང་གིས་སྤྲོད་པ་ལ་ཉེན་ཁ་ཆེན་པོ་ཡོད། གང་ཡིན་ཞེ་ན། སྨན་རྫས་བཟོ་ཚོང་ཁང་ཆེན་མོ་དང་། མཛེས་བཟོ་ཚོང་ཁང་ཆེན་མོ། ཞིང་ལས་བཟོ་ཚོང་ཁང་ཆེན་མོ་སོགས་ཀྱིས་ཤེས་བྱ་དེ་ཁྱེར་ནས་བེད་སྤྱོད་བྱེད་ཅིང་། ཚོང་ལས་སུ་བསྒྱུར་ནས་སྒོར་མོ་མང་པོ་བཟོ་བཞིན་ཡོད་ཅེས་གསུངས་འདུག

ཁོ་མོས་འགྲེལ་བརྗོད་བྱས་དོན། སྲུང་སྐྱོབ་འོས་འཚམ་ཞིག་མེད་ན། ཤེས་བྱ་དེ་དག་བདག་བཟུང་བྱེད་མཁན་གྱི་མི་མང་ཀྱིས་ཀྱང་དེ་དག་ལོངས་སུ་སྤྱོད་མི་ཐུབ་ཅིང་། དེ་དག་ལས་ཁེ་ཕན་འཐོབ་མི་ཐུབ། དེས་རྒྱུན་གནས་ཀྱི་སྐོར་ལ་སེམས་ཁྲལ་ཡོང་གི་འདུག་ཅེས་གསུངས་འདུག

སྨན་པ་གྷེལ་གྱི་ཕུགས་རྒྱང་རིང་པོའི་དམིགས་ཡུལ་ནི། ཤེས་བྱ་འདི་དག་ཚང་མ་འགྲོ་བ་མིའི་རིགས་ཀྱི་གོ་ལ་ཡོངས་ཀྱི་བདེ་ཐང་དང་ཕན་བདེའི་ཆེད་དུ་མཉམ་སྤྱོད་བྱེད་པའི་མ་ལག་ཅིག་འཛུགས་སྐྲུན་བྱ་རྒྱུ་དེ་རེད་ཅེས་གསུངས་འདུག

ང་ཚོ་ལ་ཤེས་རབ་ཡོད། འཛམ་གླིང་ལ་ལྟ་རྟོག་བྱེད་སྟངས་དང་། ང་ཚོས་དུས་ནམ་ཡང་བྱེད་བཞིན་པའི་ཐབས་ལམ་ཐོག་སྨན་བཅོས་བྱེད་སྟངས་སྐོར་ལ་ཤེས་རབ་ཡོད། གལ་ཏེ་ང་ཚོས་དེ་རིང་ཤེས་བྱ་དེ་དངོས་གནས་བེད་སྤྱོད་གཏོང་ཐུབ་ན། དེ་ནས་ང་ཚོས་དེ་རིང་བྱུང་བཞིན་པའི་གནས་ཚུལ་ལ་ཁྱད་པར་བཏོན་ཐུབ་ཀྱི་ཡོད། ང་ཚོ་ལ་ཕྲ་འབུམ་གྱི་ནད་འབུ་འགོག་བྱེད་ཀྱི་རིགས་དང་འཛམ་གླིང་ཡོངས་སུ་དཀའ་ངལ་མང་པོ་བཟོ་བཞིན་པའི་དངོས་པོ་ལྟ་བུ་ཡོད། དེ་དག་ལ་ཁོང་ཚོས་གང་ཡང་བྱ་ཐུབ་ཀྱི་མེད་ཅེས་གསུངས་འདུག

བྷེན་གྷོར་དང་མ་ཊོ་ར་ཡི་རྒྱུད་པ་ཡིན་ཞིང་། སྨན་དཔྱད་སྨན་པ་ཡིན་པའི་བྷི་རེ་ཊི་རོ་ལིན་གྱིས་སྨན་པ་གྷེལ་དང་མཉམ་དུ་ལས་ཀ་དམ་ཟབ་བྱེད་བཞིན་ཡོད། ཁོང་གིས་དེང་རབས་ཀྱི་སྨན་དང་སྔ་མོའི་གསོ་རིག་གཉིས་འགལ་བ་ལྟར་སྣང་ཡང་། ཕན་ཚུན་ལ་ཁ་སྐོང་བྱེད་ཐུབ་ཅིང་། ཐུན་མོང་མ་ཡིན་པའི་ལྟ་ཚུལ་མི་འདྲ་བ་གཉིས་ཡོང་གི་ཡོད་པ་རེད་ཅེས་གསུངས་འདུག

གཅིག་ནི་ང་ཚོའི་ངག་ཐོག་ནས་བཤད་པའི་སྒྲུང་དང་། གསང་བ་ཡོད་པའི་སློབ་ཁྲིད། བསམ་བློ། ཕྱོགས་གཞན་དེ་ནི་མི་དཀར་པོ་ཚོའི་ལས་ཀ་བྱེད་སྟངས་དང་། གནས་ཚུལ་དང་དབྱེ་ཞིབ་བཅས་ཡིན། དེ་གཉིས་ནི་ཕྱོགས་འགལ་གཉིས་ཡིན། གལ་ཏེ་ཁྱེད་ཀྱིས་སྤྱི་ཚོགས་ཤིག་ལ་ལྟོས་ན། དེ་ནི་གནས་སྟངས་གད་མོ་བྲོ་བོ་ཞིག་རེད། ང་ཚོའི་ཆེད་དུ་ང་ཚོས་ཁོར་ཡུག་ལ་ལྟ་བ་ལས་ཁོར་ཡུག་ལ་ལྟ་བཞིན་ཡོད། ང་ཚོས་འཚོ་གནས་ལ་བསམ་བློ་གཏོང་བཞིན་མེད་ཀྱང་། ཁོང་ཚོས་རྒྱུན་དུ་ཡུལ་ལྗོངས་སྐོར་ལ་བསམ་བློ་གཏོང་གི་ཡོད། དེ་གཉིས་ཧ་ཅང་ཕན་ཚུན་མཐུན་སྒྲིལ་བྱེད་ཀྱི་ཡོད་ཀྱང་། དེ་གཉིས་ལྟ་སྟངས་འགལ་བ་གཉིས་ཡིན་ཞེས་གསུངས་འདུག

ཡང་ཁོང་གིས་དཔེར་ན། མི་ཚོས་སྨན་པ་ལ་བརྟེན་ནས་སྨན་དེ་ཇི་ལྟར་ཕན་ཐོགས་ཡོད་པ་ཤེས་ཐུབ། ང་ཚོས་སྨན་དེས་དོན་དངོས་སུ་ཕན་ཐོགས་ཇི་ལྟར་བྱེད་པ་ར་སྤྲོད་བྱེད་པར་གཞི་གྲངས་དེ་དག་ཚང་མ་འཚོལ་སྡུད་བྱེད་ཀྱི་ཡོད། ང་ཚོའི་སྨན་ནི་དུས་ཡུན་རིང་པོར་བསྟན་ཡོད་ནའང་། དེ་ནི་ངག་རྒྱུན་གྱི་གཏམ་རྒྱུད་ཅིག་ཡིན་ཞིང་། སྨན་དེས་ཕན་ཐོགས་བྱེད་བཞིན་ཡོད་པར་མ་ཟད། ཕན་ནུས་ཀྱང་ཆེན་པོ་ཞིག་ཐོན་བཞིན་ཡོད་ཅེས་གསུངས་འདུག

སྲོལ་རྒྱུན་གྱི་གསོ་བ་རིག་པའི་ནང་དུ་ལུས་ཀྱི་འཕྲོད་བསྟེན་གཙོ་བོར་འཛིན་པར་མ་ཟད། སེམས་ཀྱི་བདེ་ཐང་ཡང་གཙོ་བོར་འཛིན། འདི་ནི་དེང་རབས་ཀྱི་གསོ་བ་རིག་པའི་ནང་དུ་ནམ་རྒྱུན་མེད་པའི་ཆ་ཤས་ཤིག་ཡིན།

ཌེ་བྷེ་ཝ་ཚོན་ Debbie Watson ལགས་ནི་ཨོ་སི་ཁྲུ་ལི་ཡའི་ལྷོ་ཕྱོགས་མངའ་སྡེ་ནས་གདོད་མའི་མ་རིགས་ཤིག་དང་། ཁོ་མོ་ནི་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་ཀྱི་ནཱ་ཨན་ཁ་རེ་ Ngangkari ཞེས་སྲོལ་རྒྱུན་གསོ་ཐབས་སྐོར་ལག་ལེན་གནང་མཁན་ཞིག་རེད།

ནཱ་ཨན་ཁ་རེ་ Ngangkari ཞེས་པའི་སྲོལ་རྒྱུན་གསོ་ཐབས་དེ་ལག་བསྟར་བྱས་ནས་ལོ་ངོ་ ༦༠༠༠༠ ཙམ་སོང་ཟིན་ཡོད་པ་དང་། ལག་ལེན་དེ་མི་རབས་ནས་མི་རབས་བར་མར་བརྒྱུད་ནས་ཡོང་བ་ཞིག་ཡིན་པ་རེད།

ཁོ་མོས་ང་ཨ་ཕ་དང་མཉམ་དུ་ཡོད་པའི་སྐབས་ལ་ཆོས་ལུགས་ཀྱི་སྨན་བཅོས་བརྒྱུད་ནས་མི་ལ་གསོ་བཅོས་བྱེད་སྟངས་སློབ་སྦྱོང་བྱེད་འགོ་ཚུགས་པ་རེད། ཁོང་ནི་སྨན་པ་ཞིག་ཡིན་པ་དང་། ངའི་ཨ་ཕས་ང་ལ་མི་ལ་གསོ་བཅོས་བྱེད་སྟངས་སློབ་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཁོང་གིས་གསོ་བཅོས་ཀྱི་ཐབས་ལམ་དེ་ནི་རང་གི་མེས་པོ་ཚོ་དང་འབྲེལ་བ་ཡོད་པ་དེས་ཁོ་ཚོས་ ན་ཟུག་དང་སེམས་གཅོང་། སེམས་འཚབ་སོགས་ལ་ཁ་ལོ་སྒྱུར་བྱེད་ཀྱི་ནུས་པ་དམིགས་བསལ་ལྡན་གྱི་ཡོད་སྐོར་བརྗོད་ཀྱི་ཡོད་ཅེས་གསུངས་འདུག

ངས་རང་གི་ལག་པས་མི་རྣམས་ལ་སྨན་བཅོས་བྱེད་བཞིན་ཡོད། ངས་ཁོ་ཚོའི་སེམས་ཁོང་ལ་ལྟ་ཞིབ་བྱེད་པ་དང་ཁོ་ཚོའི་ནུས་ཤུགས་ཚོར་གྱི་ཡོད། ཁོ་ཚོའི་སེམས་ཁོང་ལ་ཅི་ཞིག་ཡོད་པ་ཁྱེད་ཀྱིས་ཤེས་གསལ་རེད། ངས་མི་རྣམས་ཀྱི་ཁྲག་རྩ་ལ་ལས་ཀ་བྱེད་ཀྱི་ཡོད། མི་རྣམས་ཀྱི་ཁྲག་རྩ་དངོས་གནས་འགག་བསྡད་ཡོད་པ་དེ་འདྲ་འདུག མཚམས་རེ་འགག་བསྡད་པ་དེས་ཁྱེད་ཚོར་ན་ཟུག་མང་པོ་སྤྲོད་ཀྱི་ཡོད། ཁྱེད་ཀྱིས་ཤེས་གསལ་ལྟར། ངས་མི་རྣམས་ཀྱི་བླ་སྲོག་ལ་ལྟ་ཞིབ་བྱེད་ཀྱི་ཡོད་པས་མཚམས་རེར་ཕན་ཐོགས་ཆེན་པོ་ཡོང་གི་འདུག་ཅེས་གསུངས་འདུག

ལྕམ་ཝ་སོན་ Ms Watson ལགས་ཀྱང་ ANTAC ཞེས་པའི་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་ཨ་བྷོ་རི་ཇི་ནལ་གྱི་གསོ་བཅོས་མཐུན་ཚོགས་ཐོག་མ་གསར་འཛུགས་བྱེད་མཁན་གཞན་ཞིག་ཡིན་པ་རེད།

དེས་དུས་རབས་མང་པོའི་རིང་གི་ཁོང་ཚོའི་ཡུལ་སྲོལ་གོམས་གཤིས་ལ་རྒྱབ་སྐྱོར་དང་རྒྱུན་འཛིན་བྱེད་བཞིན་ཡོད་ལ། དེ་བཞིན་གདོད་མའི་མི་རིགས་དང་གདོད་མའི་མི་རིགས་མ་ཡིན་པའི་མི་མང་ལའང་སྨན་བཅོས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད།

ཌོ་ཊར་པཱ་རན་སི་ཁ་ Dr Francesca Panzironi ལགས་ནི་ལྕམ་ཝ་སོན་དང་མཉམ་དུ་སྨན་བཅོས་མཐུན་ཚོགས་དེའི་ནང་ལས་ཀ་བྱེད་བཞིན་ཡོད་པས་མ ཚད། སྨན་བཅོས་མཐུན་ཚོགས་དེའི་སྤྱི་ཁྱབ་འགན་འཛིན་ཞིག་ཀྱང་ཡིན།

ཁོ་མོ་ཕྱི་ལོ་ ༢༠༠༡ ལོར་དབྱི་ཊ་ལི་ནས་ཨོ་སི་ཁྲུ་ལི་ཡར་འབྱོར་ནས་སིཌ་ནིང་གཙུག་ལག་སློབ་གཉེར་ཁང་དུ་ཁྲིམས་ལུགས་སྐོར་སློབ་སྦྱོང་བྱས།

ཁོ་མོའི་རྒྱབ་ལྗོངས་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་དང་། གདོད་མའི་སྡོད་དམངས་ཀྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སོགས་ཡིན་ནའང་། གདོད་མའི་སྡོད་དམངས་ཀྱི་སྲོལ་རྒྱུན་གསོ་རིག་ལ་ཤེས་འདོད་ཀྱི་འདུན་པ་དྲག་པོ་ཞིག་ཡོད་པས་ཁོ་མོས་གདོད་མའི་མི་རིགས་ཀྱི་སྨན་བཅོས་སྐོར་སློབ་སྦྱོང་དང་ཕྱག་ལས་གནང་བཞིན་ཡོད་པ་རེད།

ཁོ་མོས་ངས་ཤེས་རྟོགས་བྱུང་བ་ཞིག་ལ། རྩོམ་ཡིག་དེའི་ནང་ཨོ་སི་ཁྲུ་ལི་ཡའི་ནང་གི་གཉན་འཕྲང་ཅན་གྱི་སྨན་གྱི་སྐོར་གླེང་སྐབས། ལེའུ་ཚང་མར་རྒྱ་ནག་གི་སྨན་གྱི་སྐོར་གླེང་གི་འདུག་གནས་ཚུལ་དེ་འདྲས་ང་རང་ཞིབ་འཇུག་བྱེད་རྒྱུའི་སྐུལ་སློང་བྱས་པ་རེད། དེ་ནི་ཁྱད་མཚར་པོ་ཞིག་ཏུ་མཐོང་གི་འདུག་ང་ལ་ཤེས་འདོད་ཀྱི་འདུན་པ་ཆེན་པོ་ཞིག་སྐྱེས་བྱུང་། དེ་ནི་ངའི་སེམས་ནང་དྲི་བ་ཞིག་ཡོད་པ་དེ་རེད། དེང་སང་ཨོ་སི་ཁྲུ་ལི་ཡའི་ནང་གི་གདོད་མའི་སྡོད་དམངས་ཀྱི་སྲོལ་རྒྱུན་གྱི་སྨན་ནི་ཅི་ཞིག་རེད་དམ་ཞེས་གསུངས་འདུག

སྨན་པ་པན་ཙི་རོ་ནི་ Dr Panzironi ཡིས་ས་གནས་དེ་གའི་སྔགས་པ་རྣམས་དང་ཁོང་ཚོའི་སྤྱི་ཚོགས་ལ་གྲོས་བསྡུར་ཐེངས་མང་བྱས་པའི་རྗེས་སུ། གདོད་མའི་སྡོད་དམངས་ཀྱི་གནའ་བོའི་གསོ་ཐབས་དེ་དགོས་མཁོ་ཡོད་པ་ངོས་ཟིན་པར་གྱུར།

ཁོ་མོས་མི་རྣམས་ཀྱིས་དངོས་གནས་དགོས་མཁོ་བྱེད་ཀྱིན་འདུག་དེ་ནི་ཨེ་ཐའི་གཞུང་ལུགས་ཙམ་མ་ཡིན་པར། མི་རྣམས་ཀྱི་སེམས་ཁམས་ཇེ་ལེགས་སུ་འགྲོ་བཞིན་འདུག་མི་རྣམས་ལ་དགོས་མཁོ་ཆེ། མང་ཆེ་བ་གདོད་མའི་སྡོད་དམངས་ཀྱི་མི་ཡིན་མོད། ད་དུང་གདོད་མའི་སྡོད་དམངས་མ་ཡིན་པའི་མི་མང་པོ་ཞིག་གིས་ད་ལྟ་སྨན་དེ་དགོས་འདུན་བྱེད་བཞིན་འདུག་སྨན་དེ་མི་ལ་ཕན་ཐོགས་ཡོད་པ་རེད་ཅེས་གསུངས་འདུག

གལ་སྲིད་སྐུ་ཉིད་ལ་བརྗོད་གཞི་འདིའི་ཐོག་དྲི་བ་དང་བསམ་ཚུལ་ག་རེ་ཡོད་ན་གཤམ་གསལ་གློག་འཕྲིན་ཁ་བྱང་ ཐོག་འབྲེལ་བ་གནང་རོགས།

Share
Published 15 August 2024 6:28pm
Updated 15 August 2024 6:32pm
By Yumi Oba
Source: SBS

Share this with family and friends