གདོད་མའི་མི་རིགས་ཀྱི་དགོས་འདུན་འབོད་སྒྲ་མང་མོས་འོས་བསྡུ་ལས་ཕམ་ཉེས་བྱུང་བ།

ཨོ་སི་ཊོ་ལི་ཡའི་ནང་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ཙམ་གྱི་ནང་གྲོས་ཚོགས་ལ་ཕུལ་བའི་འབོད་སྒྲ་མང་མོས་འོས་བསྡུ་ཐོག་མ་འདིར་རྒྱབ་སྐྱོར་མ་ཐོབ་པར་ཕམ་ཉེས་བྱུང་ཡོད་པ་རེད།

VOICE REFERENDUM COUNTING

Ballot papers are seen at a counting centre in Melbourne, Saturday, October 14, 2023. Australians will vote in a referendum on October 14 on whether to enshrine an Indigenous voice in the country's constitution. (AAP Image/Con Chronis) NO ARCHIVING Source: AAP / CON CHRONIS/AAPIMAGE

Key Points
  • The Indigenous Voice to Parliament referendum has resulted in a resounding 'No' vote.
  • Six states and the Northern territory recorded a 'No' vote, while the ACT voted 'Yes'.
  • Prime Minister Anthony Albanese urged Australians to come together.
ཁ་སང་རེས་གཟའ་སྤེན་པའི་ཉིན་ཨོ་སི་ཊོ་ལི་ཡའི་ནང་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཡོངས་མང་མོས་འོས་བསྡུ་སྐབས་ཨོ་སི་ཊོ་ལི་ཡའི་མངའ་སྡེ་དྲུག་ཆ་ཚང་དང་། བྱང་ཕྱོགས་ས་ཁུལ་བཅས་ཀྱི་ནང་རྒྱབ་སྐྱོར་མེད་ No ལ་འོས་ཤོག་འཕེན་མཁན་གྱི་གྲངས་ཚད་མཐོ་བ་ཆགས་ཡོད་པ་རེད། མ་ཚད་རྒྱལ་ཡོངས་སུ་ཡང་རྒྱབ་སྐྱོར་མེད་ NO ཡི་གྲངས་ཚད་མཐོ་བ་ཆགས་ཡོད། ཡིན་ན་ཡང་ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་གཅིག་པུར་རྒྱབ་སྐྱོར་ཡོད་ Yes གྲངས་ཚད་མཐོ་བ་ཆགས་འདུག

ཨོ་སི་ཊོ་ལི་ཡའི་སྲིད་བློན་ཨན་ཐོ་ནིང་ཨལ་བྷ་ནེ་སི་ Anthony Albanese ཡིས་ད་ཐེངས་ཀྱི་མང་མོས་འོས་བསྡུའི་གྲུབ་འབྲས་ལས་བློ་ཕམ་དང་བཅས་ཏེ་འོས་བསྡུ་གྲུབ་འབྲས་འདིས་"ང་ཚོར་འགྲེལ་བཤད་རྒྱག་གི་མེད་ལ། ང་ཚོ་དུམ་བུར་གཏོང་མི་ཐུབ་"ཅེས་དང་། "ད་ནི་ང་ཚོ་ཚང་མ་མཉམ་དུ་བསྐྱོད་ནས་ཐབས་ལམ་གཞན་པ་ཞིག་གི་ཐོག་ནས་མཐུན་འགྲིག་གི་དམིགས་ཡུལ་འགྲུབ་ཐབས་བྱ་དགོས་"ཞེས་གསུངས་འདུག
PM Anthony Albanese .jpg
Australian Prime Minister Anthony Albanese delivers a statement on the outcome of the Voice Referendum at Parliament House.
ཡང་ཨོ་སི་ཊོ་ལི་ཡའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཕི་ཊར་དྷུན་ཊོན་ Peter Dutton གྱིས་ད་ནི་ཚང་མ་མཉམ་རུབ་ཐོག་བསྐྱོད་དགོས་པའི་འབོད་སྐུལ་དང་། མང་མོས་འོས་བསྡུ་འདི་ནི་ཨོ་སི་ཊོ་ལི་ཡའི་"དགོས་པ་མེད་པའི་"སྦྱོང་བརྡར་ཞིག་ལ་མིང་བྱང་འགོད་རྒྱུ་ཡིན་ཞེས་དང་། "གྲོས་གཞི་དང་འཕེལ་རིམ་དེ་ནི་ཨོ་སི་ཊོ་ལི་ཡ་ཆིག་སྒྲིལ་གྱི་དཔེ་རིས་ཞིག་བཀོད་དགོས་པ་ལས་དེས་ང་ཚོ་དུམ་བུར་གཏོང་བ་ཞིག་ཆགས་རྒྱུ་མེད་"ཅེས་གསུངས་འདུག
PETER DUTTON VOICE REFERENDUM ADDRESS
Opposition Leader Peter Dutton and Shadow Minister for Indigenous Australians Senator Jacinta Price address the media following the referendum. Source: AAP / JONO SEARLE/AAPIMAGE
ད་ཐེངས་ཀྱི་མང་མོས་འོས་བསྡུའི་གྲུབ་འབྲས་ཕྱིར་ཐོན་སྐབས་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཁག་ཅིག་ཁུ་སིམ་མེར་བསྡད་ཡོད་ཀྱང་གཞན་དག་ཚོས་རྗེས་ཕྱོགས་སུ་གནས་སྟངས་གང་འདྲ་ཞིག་ལ་ཆགས་རྒྱུ་ཡིན་མིན་ལ་བལྟ་བཞིན་ཡོད། ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཀྱི་བློན་ཆེན་དང་། མོས་མཐུན་ཡོད་ Yes ལ་རྒྱབ་སྐྱོར་ལས་འགུལ་བ་ལིན་ཌ་བྷུར་ནེ་ Linda Burney ལགས་ཀྱིས་གདོད་མའི་མི་རིགས་ཀྱི་མི་རབས་གསར་པའི་འགོ་ཁྲིད་ཚོས་མ་འོངས་པར་འོས་བསྡུ་མཇུག་སྐྱོང་བྱེད་ཀྱི་རེད་ཅེས་གདེང་ཚོད་ཆེན་པོས་ནན་བཤད་གནང་འདུག
LISTEN TO
Resounding No to Indigenous Voice to Parliament.mp3 image

Resounding No to Indigenous Voice to Parliament.mp3

05:02

མང་མོས་འོས་བསྡུ་སྐབས་རྒྱབ་སྐྱོར་མེད་ No ལས་འགུལ་སྤེལ་མཁན་ནུའེ་གྷེད་ཝ་རན་མུན་ཌེ་ Nyunggai Warren Mundine ལགས་ཀྱིས་མང་མོས་འོས་བསྡུའི་གྲུབ་འབྲས་དེས་ཨོ་སི་ཊོ་ལི་ཡའི་མི་མང་ཚོས་གདོད་མའི་མི་རིགས་ཀྱི་སྤྱི་ཚོགས་ལ་འཕྲད་བཞིན་པའི་གནད་དོན་དེར་"འདོད་པ་ལྟར་ལས་འགན་བསྒྲུབས་ཚར་"ཡོད་པ་གསལ་པོ་མཚོན་ཡོད་ཅེས་བརྗོད་འདུག ཡང་ཁོང་གིས་"གདོད་མའི་མི་རིགས་ཀྱི་སྤྱི་ཚོགས་ཁག་ཅིག་གི་ནང་རྩུབ་སྤྱོད་དང་། མནར་གཅོད། བཙན་ཤེད། གཏོར་བཤིག་སོགས་ཀྱི་བྱ་སྤྱོད་ཁྱབ་ཀྱི་ཡོད་པ་དེ་ཚོ་ལ་མི་རྣམས་ལོངས་བ་ལྟར་མིག་བཙུམ་ནས་སྡོད་རྒྱུ་དེ་མཚམས་འཇོག་བྱེད་དགོས་"ཞེས་བརྗོད་འདུག

ཕྱི་ལོ་ ༢༠༢༣ ལོའི་གདོད་མའི་མི་རིགས་ཀྱི་དགོས་འདུན་འབོད་སྒྲ་སྐོར་མང་མོས་འོས་བསྡུའི་གནས་ཚུལ་ཁག་ SBS གསར་ཁང་གི་གསར་འགྱུར་བརྒྱུད་ལམ་ཁག་ལ་གསན་གཟིགས་གནང་རྒྱུ་ཡོད་པས་མ་ཚད། གདོད་མའི་མི་རིགས་ཀྱི་སྣང་བརྙན་མཚོན་པའི་བརྙན་འཕྲིན་ NITV ཐོག་ནས་ཀྱང་གནས་ཚུལ་ཁག་གསན་གཟིགས་རྒྱུ་ཡོད།

SBS གསར་ཁང་གིས་མང་མོས་འོས་བསྡུ་སྐོར་ཆེད་སྒྲིག་ལེ་ཚན་ཁག་དྲ་ཐག་  འདི་ནས་གཟིགས། མ་ཚད་མང་མོས་འོས་བསྡུ་སྐོར་རྩོམ་ཡིག་དང་། སྒྲ་སྒམ། བརྙན་པར་སོགས་གསར་འགྱུར་གསར་ཤོས་ཁག་ SBS ཡི་ཁྱོན་སྐད་ཡིག་ཁག་ ༦༠ ཙམ་གྱི་ནང་གསན་གཟིགས་གནང་རྒྱུ་ཡོད།

Share
Published 15 October 2023 5:58pm
Updated 17 October 2023 11:04pm
Source: SBS


Share this with family and friends